ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན། ཉིས་སྟོང་ཉེར་གཉིས་ལོར་མཚོ་སྔོན་ཞིང་ཆེན་གྱི་བྱིས་པའི་བདེ་ཐང་ལས་དོན《བདེ་ཐང་བྱིས་པའི་བྱ་སྤྱོད་ཇེ་ལེགས་སུ་གཏོང་བའི་འཆར་གཞི(2021ལོ་ནས2025ལོ་བར)》ལ་དམ་པོར་དམིགས་ནས། བྱིས་པའི་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་མ་བཏང་སྟེ། ནུས་ཤུགས་ཡོད་རྒུས་མ་བུའི་བདེ་འཇགས་འགན་ལེན་བྱས་ཏེ། བྱིས་པའི་བདེ་ཐང་ཆུ་ཚད་བརྟན་འཇགས་ངང་མཐོ་རུ་ཕྱིན།
ཉིས་སྟོང་ཉེར་གཉིས་ལོར། མཚོ་སྔོན་ཞིང་ཆེན་གྱི་བྱིས་པ་འཆི་ཚད་རྒྱུན་མཐུད་ངང་མར་བབ་པ་དང་། བྱིས་པ་རློན་ནུའི་འཆི་ཚད་བརྒྱ་ཆའི་ལྔ་དང་གྲངས་ཆུང་ཉེར་དྲུག་ཟིན། ལོ་ལྔའི་མན་གྱི་བྱིས་པའི་འཆི་ཚད་ཀྱིས 7.48‰ཟིན། ཉིས་སྟོང་ཉེར་གཉིས་ལོར། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་བཞི་བཏང་ནས། ཞིང་ཆེན་དང་གྲོང་ཁྱེར། ཁུལ། རྫོང་བཅས་ཉེར་བཞི་ཡི་སྨན་བཅོས་སྒྲིག་གཞིས་བྱིས་པའི་སྨན་བཅོས་ཞབས་ཞུའི་མ་ལག་དང་། ནུས་པ་འཛུགས་སྐྱོང་གི་རྣམ་གྲངས་ལག་བསྟར་བྱེད་རྒྱུར་རྒྱབ་སྐྱོར་བྱས།
རོང་འབྲོག་ཁུལ་གྱི་སྦྲུམ་མས་བྱིས་པ་མ་སྐྱེས་གོང་གི་ལོ་མའི་སྐྱུར་རྒྱུ་འཐུང་བའི་རྣམ་གྲངས་ལག་བསྟར་བྱས་ནས། ལོ་མའི་སྐྱུར་རྒྱུ་འཐུང་ཚད་བརྒྱ་ཆའི་གོ་ལྔ་ཟིན་པས། དབང་བོ་སྐྱོན་ཅན་གྱི་བྱིས་པ་སྐྱེས་ཚད་ལོ་རེ་བཞིན་མར་བབ་ཡོད།།
རྩོམ་སྒྲིག་པ། འབྲུག་མོ།