ཉེ་ལམ། “དུས་རབས་གསར་པ་དང་ནུས་རྩལ་གསར་པ། ཕུགས་འདུན་གསར་པ”བཅས་བརྗོད་བྱ་གཙོ་བོར་བཟུང་ནས་རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་ལས་རིགས་ནུས་རྩལ་འགྲན་བསྡུར་ཆེན་མོ་སྐབས་བདུན་པ་དང་། རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་འགྲེམས་སྟོན་སྐབས་བཞི་པ་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་ཧྲན་ཏུང་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་མགོ་ཚུགས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་མི་ཉེར་གཉིས་རྩལ་ནུས་འགྲན་བསྡུར་ཆེན་མོའི་ནང་ཞུགས་པ་དང་། དབང་བོ་སྐྱོན་ཅན་མི་ལྔ་འགྲེམས་སྟོན་ནང་ཞུགས།
རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་འགྲན་ཞུགས་བདམས་ཐོན་པ་ཚང་མ་གྲོང་ཁྱེར་དང་ཁུལ་སོ་སོས་འོས་སྦྱོར་བྱས་ནས། ཞིང་ཆེན་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ནང་ཞུགས་པ་དང་། མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་གསོ་སྦྱོང་སྒྲིག་གཞིའི་དགེ་རྒན་གདན་དྲངས་ནས། དུས་ཡུན་ཉིན་སོ་ལྔའི་འགྲན་བསྡུར་གོང་གི་གཅིག་སྡུད་སྦྱོང་བརྡར་བྱས་ཏེ་མཐའ་མཇུག་གཏན་འཁེལ་བྱས་པ་རེད། །
རྩོམ་སྒྲིག་པ། འབྲུག་མོ།