མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་དང་བོད་སྨན་དོ་དམ་ཅུའུ་ཡིས་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་མང་ཚོགས་ཀྱི་བདེ་ཐང་གི་དགོས་མཁོ་བསྐངས།
2023.07.25 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 0

བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་དང་བོད་སྨན་དོ་དམ་ཅུའུ་ཡིས“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བསྐྱེད་པ། ལག་ལེན་གཙིགས་སུ་འཛིན་པ། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་བརྟན་པོར་ཁོང་དུ་ཆུད་པར་བྱས་ནས། བརྗོད་དོན་སློབ་གསོ་དང་དངོས་ཡོད་བྱ་བ་གཉིས་དམ་པོར་ཟུང་འབྲེལ་བྱས་ཏེ། མི་རིགས་སོ་སོའི་མང་ཚོགས་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཞབས་ཞུ་སྤུས་དག་བྱེད་པའི་ཐད་ཀྱི་བདེ་ཐང་གི་དགོས་མཁོ་སྔར་ལས་ལེགས་པར་བསྐངས།

ཞིང་ཆེན་གྱི་ཀྲུང་ལུགས་དང་བོད་སྨན་དོ་དམ་ཅུའུ་ཡིས་རང་འགུལ་ངང་ཞིང་ཆེན་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ལྷན་དང་རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུའུ་དང་མཐུན་སྦྱོར་བྱས་ནས། རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས་དང་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་ལྟེ་བའི་སྨན་ཁང་འཛུགས་སྐྲུན་ཚོད་ལྟའི་རྣམ་གྲངས་དོན་འཁྱོལ་བྱས། མིག་སྔར། རྣམ་གྲངས་དེ་གཉིས་མཚོ་སྔོན་དུ་དོན་འཁྱོལ་བྱུང་ཡོད། དེས་གོམ་གང་མདུན་སྤོས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་སྤུས་ལེགས་ཀྲུང་ལུགས་གསོ་རིག་གི་སྨན་བཅོས་ཐོན་ཁུངས་རྒྱ་བསྐྱེད་དང་ས་ཁོངས་དོ་སྙོམས་བཀོད་སྒྲིག་ལ་སྐུལ་འདེད་གཏང་རྒྱུ་རེད། དེ་མཚུངས་སུ། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་སོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ་རྒྱལ་ཡོངས་སུ་བོད(སོག)སྨན་སྨན་བཅོས་ལས་ཁུངས་སྡེབ་རྫས་སྨན་བཅོས་འགན་སྲུང་དཀར་ཆག་ཐོག་མར་བཏོན་པ་དང་། བོད(སོག)སྨན་སྡེབ་རྫས་སྣ་ཁ492ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་གི་གཏོང་སྤྲོད་ཁྱབ་ཁོངས་སུ་ཚུད་པར་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་བོད་སྨན་སྨན་བཅོས་ལས་ཁུངས་ཀྱི་སྡེབ་རྫས་ཀྱི71.4%ཟིན་པས། གྲོང་གསེབ་ཀྱི་སྨན་བཅོས་ལས་ཁུངས་སུ་ནད་ཐོག་སྨན་བཅོས་ལ་བོད་སྨན་དཀོན་པའི་གནད་དོན་ཐག་བཅད་དེ་མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཇེ་ཡང་དུ་བཏང་།

ཀྲུང་ལུགས་གསོ་རིག་གི་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་དང་འཛུགས་སྐྱོང་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། ཁྱད་ཆོས་ལྡན་པའི་ཀྲུང་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་དང་གསར་གཏོད། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་བསྐྲུན་པ། ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་དང་འཚམ་པའི་ལག་རྩལ་བྱིས་པའི་མཉེད་འཕུར་གསོ་སྦྱོང་འཛིན་གྲྭ་ཐེངས་གཉིས་སྤེལ་ནས་ཞིང་ཆེན་ཡོངས་ཀྱི་གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་གི་བྱིས་པའི་མཉེད་འཕུར་ལག་རྩལ་རྐང་འཛིན་པ166ལ་གསོ་སྦྱོང་བྱས། རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་གི་ཆེད་མཁས་པ་རྒན་གྲས་ཀྱི་རིག་གཞུང་ཉམས་མྱོང་རྒྱུན་འཛིན་རྣམ་གྲངས་ཀྱི་ཤུལ་འཛིན་མཁན་རིགས་པའི་གཞུང་ལུགས་ཀྱི་གསོ་སྦྱོང་འཛིན་གྲྭ་ཁག་བདུན་པ་དང་ཞིང་ཆེན་ཡོངས་ཀྱི་གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་ཁང་གི་རྐང་འཛིན་ཤེས་ལྡན་མི་སྣའི་གསོ་སྦྱོང་འཛིན་གྲྭ་སོགས་སྤེལ་ནས་ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཆེད་ལས་ལག་རྩལ་མི་སྣ572ལ་གསོ་སྦྱོང་བྱས་ཏེ། གཞི་རིམ་གྱི་སྨན་བཅོས་མི་སྣས་ཀྲུང་ལུགས་སྨན་དང་འཚམ་པའི་ལག་རྩལ་སྤྱད་དེ་ནད་རིགས་འགོག་བཅོས་བྱེད་ནུས་ཆེ་རུ་བཏང་ཞིང་། ཀྲུང་ལུགས་སྨན་དང་འཚམ་པའི་ལག་རྩལ་དང་ཕྱི་བཅོས་ཁྱད་ཆོས་ལྡན་པའི་བཅོས་ཐབས་སྔར་བས་ཁྱབ་གདལ་དུ་བཏང་།

ཉིས་སྟོང་ཉེར་གསུམ་ལོའི་བདེ་ཐང་ཀྲུང་གོའི་བྱ་སྤྱོད་ཀྲུང་ལུགས་དང་བོད་ལུགས་གསོ་རིག་བདེ་ཐང་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བྱེད་སྒོ་སྤེལ་བ་དང་།  ཡུལ་དངོས་སུ་མང་ཚོགས་ཀྱི་བདེ་ཐང་བློ་འདྲི་མི་ཐེངས་བདུན་བརྒྱ་ཙམ་བྱས་ཤིང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཕྱི་བཅོས་ལག་རྩལ་སྨན་བཅོས་མི་ཐེངས་ཉིས་བརྒྱ་དང་བཞི་བཅུ་ཡིས་ཉམས་ལེན་བྱས། མི་ཐེངས་བདུན་ཅུ་ལ་འོས་འགན་སྨན་བཅོས་བྱས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཤེས་བྱ་དྲིལ་བསྒྲགས་དེབ་དྲུག་བརྒྱ་དང་ལྔ་བཅུ་དང་ཀྲུང་ལུགས་དང་བོད་སྨན་གྱི་སྤོས་ཁུག་དྲུག་བརྒྱ་བྱིན་ནས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་རིག་གནས་དྲིལ་བསྒྲགས་ཀྱི་རྣམ་པ་བཟང་པོ་བསྐྲུན་ཏེ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་འགུགས་ཤུགས་ཡོངས་སུ་མངོན་པ་རེད། ། 

རྩོམ་སྒྲིག་པ། འབྲུག་མོ།