མཚོ་སྔོན་དུ་ཞིང་ཆེན་ཕྱི་ནས་ཡོང་བའི་སྤྲེའུ་འབྲུམ་ནད་པ་གཅིག་ཤེས་རྟོགས་བྱུང་།
2023.07.26 ཁུངས། མཚོ་སྔོན་ཁྲིམས་ལུགས་ཚགས་པར། ཀློག་གྲངས། 0

ཟླ་བདུན་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ཞིང་ཆེན་གཞན་ནས་ཡོང་བའི་སྤྲེའུ་འབྲུམ་ནད་པ་གཅིག་གཏན་འཁེལ་བྱས་ལ། ནད་པ་དེ་ནི་ཞིང་ཆེན་གཞན་གྱི་སྤྲེའུ་འབྲུམ་ནད་པ་དང་འབྲེལ་བ་དམ་ཟབ་ཡོད་མཁན་ལ་བརྟག་དཔྱད་བྱེད་སྐབས་ཤེས་རྟོགས་བྱུང་། ཟི་ལིང་གྲོང་ཁྱེར་རིམས་ནད་ཚོད་འཛིན་ལྟེ་གནས་ཀྱིས་ཞིབ་དཔྱད་ཚད་ལེན་དང་། མཚོ་སྔོན་ཞིང་ཆེན་རིམས་ནད་ཚོད་འཛིན་ལྟེ་གནས་དང་ཀྲུང་གོ་རིམས་ནད་ཚོད་འཛིན་ལྟེ་གནས་ཀྱིས་བསྐྱར་ཞིབ་བྱས་པ་བརྒྱུད། ཚོད་ལྟ་ཁང་གི་འབྲས་བུར་སྤྲེའུ་འབྲུམ་ནད་དུག་ཉིང་སྐྱུར་གདགས་གཤིས་མངོན་ཡོད། རྒྱལ་ཁབ་ཀྱིས་ཆེད་མཁས་པ་སྒྲིག་འཛུགས་བྱས་ཏེ་སྤྲེའུ་འབྲུམ་གྱི་གཏན་འཁེལ་ནད་པ་ཡིན་པར་བརྟག་དཔྱད་བྱས།

མིག་སྔར། ནད་པ་དེ་གཏན་འཁེལ་གྱི་སྨན་ཁང་དུ་གཅིག་སྡུད་ལོགས་བཀར་སྨན་བཅོས་བྱེད་བཞིན་ཡོད་ཅིང་། གནས་ཚུལ་གཏན་འཇགས་རེད། དེའི་འབྲེལ་འདྲིས་དམ་ཟབ་མཁན་ཚང་མར་ལོགས་བཀར་གསོ་རིག་གི་ལྟ་ཞིབ་བྱེད་ཐབས་དོན་འཁྱོལ་བྱས་ཡོད། །

རྩོམ་སྒྲིག་པ། འབྲུག་མོ།