ཉིས་སྟོང་ཉེར་གསུམ་ལོའི་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་ལུགས་སྨན་རྫས་འགྲེམས་སྟོན་ཉོ་ཚོང་ཚོགས་འདུ་ཡུས་ཧྲུའུ་ཁུལ་དུ་བསྡུས།
2023.08.22 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་ཉི་ཤུའི་ཉིན་གྱི་སྔ་དྲོར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་། ཡུས་ཧྲུའུ་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུའུ་ཡིས་འགན་སྒྲུབ་བྱས་པའི“ཉིས་སྟོང་ཉེར་གསུམ་ལོའི་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་ལུགས་སྨན་རྫས་འགྲེམས་སྟོན་ཉོ་ཚོང་ཚོགས་འདུ”ཡུས་ཧྲུའུ་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དུ་བསྡུས།

ཡུས་ཧྲུའུ་ཁུལ་དུ་བོད་ལུགས་སྨན་རྫས་ཀྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པ་དང་།  ས་ཁོངས་སུ་སྲོག་ཆགས་དང་རྩི་ཤིང་གི་སྨན་རྫས་སྣ་ཁ913ཡོད་ཅིང་། དེ་ནི་རྒྱལ་ཡོངས་ཀྱི་དབྱར་རྩྭ་དགུན་འབུའི་ཐོན་ཁུལ་གཙོ་བོའི་གྲས་ཤིག་ཡིན་པ་དང་། ཐུན་མོང་མ་ཡིན་པའི་བོད་སྨན་ཐོན་ལས་ཀྱི་རང་བྱུང་ཆ་རྐྱེན་ལྡན།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲེམས་སྟོན་ཉོ་ཚོང་ཚོགས་འདུའི་ནང་ད་དུང་བོད་ཀྱི་རིག་གནས་དང་མི་རིགས་ཀྱི་མཁོ་ཆས། ཁྱད་ལྡན་ཐོན་ལས།  ཁྱད་ལྡན་ཐོན་རྫས་སོགས་ཀྱི་འགྲེམས་ཁུལ་བཙུགས་ཡོད་པ་རེད། །

རྩོམ་སྒྲིག་པ། འབྲུག་མོ།