མཚོ་སྔོན་ཞིང་ཆེན་གྱི་ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་བྱས་ཏེ་ཐུམ་འབུའི་ནད་འགོག་བཅོས་ལ་སྐུལ་འདེད་བཏང་།
2023.08.31 ཁུངས། མི་དམངས་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱིས་བསྡུས་པའི《མཚོ་སྔོན་ཞིང་ཆེན་ཐུམ་འབུའི་ནད་འགོག་བཅོས་སྲོལ་ཡིག》གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་ཤེས་གསལ་བྱུང་བ་ལྟར་ན། རང་ཞིང་གིས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་མཁྲེགས་གཏོར་བྱ་འགུལ་ལག་བསྟར་བྱས་པ་བརྒྱུད། 2022ལོའི་ལོ་མཇུག་བར་དུ། ཞིང་ཆེན་ཡོངས་སུ་བསྡོམས་པས་མི་ས་ཡ་བཞི་དང་འབུམ་བརྒྱད་ཁྲི་བརྒྱད་སྟོང་བརྒྱད་ལྷག་ལ་ཐུམ་འབུའི་ནད་བརྟག་དཔྱད་བྱས་པ་དང་། གཏན་འཁེལ་བྱས་པའི་ནད་པར་སྲོག་སྐྱོབ་སྨན་བཅོས་བྱས་ཚད 100%སླེབས་ཤིང་། ཐུམ་འབུའི་ནད་ཀྱི་འབྱུང་ཚད0.14%མར་ཆག་པ་དང་། ཞིང་ཆེན་ཡོངས་ཀྱི་ཐུམ་འབུའི་ནད་འབྱུང་ཚད་ཅུང་ཚབས་ཆེ་བར་ཕན་ནུས་ལྡན་པའི་ཚོད་འཛིན་བྱས།

ཉེ་བའི་ལོ་འགའི་རིང་ལ།  རང་ཞིང་གིས་ཐུམ་འབུའི་ནད་འགོག་བཅོས་ཕྱོགས་བསྡུས་ལག་བསྟར་སྐུལ་འདེད་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་ཐུམ་འབུའི་ནད་བྱུང་སའི་ས་ཁུལ་གྱི་རྫོང་རིམ་པའི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་ལོ་རེར་མི་རྣམས་ལ་རིན་མེད་ངང་ཐུམ་འབུའི་ནད་ཀྱིBསྒྲ་རླབས་ཞིབ་བཤེར་བྱས་པ་དང་། སྡོད་དམངས་ཀྱིས་ཐད་ཀར་དུ་ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཁང་དུ་ཞིབ་བཤེར་དང་ལེན་བྱས་ཆོག ཞིང་ཆེན་དང་ཁུལ། རྫོང་རིམ་པའི་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གིས་གཞི་རིམ་དུ་སོང་ནས་འོས་འགན་སྨན་བཅོས་བྱེད་པ་དང་། སྡོད་དམངས་ཀྱིས་འོས་འགན་སྨན་བཅོས་བྱེད་སར་རིན་མེད་ངང་ཞིབ་བཤེར་དང་ལེན་བྱེད་ཆོག་ཅིང་། གང་ནུས་ཀྱིས་ནད་སྔ་མོ་ནས་ཤེས་པ་དང་། སྔ་མོ་ནས་ཚད་ལྡན་སྒོས་སྨན་བཅོས་བྱས་ཆོག

རྒྱལ་ཁབ་ཀྱི་རིམས་ནད་ཚབས་ཆེན་ཐུམ་འབུའི་ནད་འགོག་བཅོས་ལས་གཞིའི་ཁ་གསབ་མ་དངུལ་ལ་བརྟེན་ནས། རང་ཞིང་གི་ཐུམ་འབུའི་ནད་ལ་རིན་མེད་ངང་སྨན་རྫས་སྨན་བཅོས་ལོངས་སུ་སྤྱད་ཆོག་ཅིང་། ནད་པས་བརྟག་དཔྱད་སྙན་ཞུ་བཟུང་ནས། ཉེ་སའི་ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཁང་དུ་རིན་མེད་ངང་སྨན་བཅོས་སྨན་རྫས་བླངས་ཆོག་པའི་དུས་མཚུངས་སུ། ལོ་རེར་ད་དུང་རིན་མེད་ཀྱི་མཆིན་པ་དང་། མཁལ་མའི་བྱེད་ནུས་ཞིབ་བཤེར་ཐེངས་གཅིག་ལོངས་སུ་སྤྱད་ཆོག

རང་ཞིང་གིས་ཧུར་ཐག་གིས་པེ་ཅིན་ཆིན་ཧྭ་ཁྲང་ཀིན་སྨན་ཁང་ཏུང་ཅ་ཧོང་ཡོན་ཧྲིའི་ཚོགས་པ་དང་། ཀྲུང་གོའི་སྨན་པའི་མཐུན་ཚོགས། བཅིངས་འགྲོལ་དམག་མཉམ་འབྲེལ་འགན་སྲུང་སྨན་ཁང་སོགས་ཞིང་ཆེན་ཕྱིའི་སྨན་བཅོས་དགེ་མཚན་ཐོན་ཁུངས་ཀྱི་རྒྱབ་སྐྱོར་འོག ཞིང་ཆེན་རིམ་པའི་སྨན་བཅོས་ལྟེ་གནས། ཁུལ(གྲོང་ཁྱེར)རིམ་པའི་སྨན་བཅོས་རྟེན་གཞི་དང་། རྫོང་རིམ་པའི་སྲོག་སྐྱོབ་སྨན་བཅོས་ས་ཚིགས་ཀྱི་ཡུལ་ཚོ་དང(གྲོང་རྡལ)སྨན་བཅོས་དོ་དམ་ས་ཚིགས་ཀྱི་ཐུམ་འབུའི་ནད་ཀྱི“རིམ་པ་བཞིའི”སྨན་བཅོས་མཉམ་འབྲེལ་སྒྲིག་སྲོལ་འདོན་སྤེལ་བྱས་ཏེ། ཐུམ་འབུའི་ནད་ཀྱི་བཤགས་བཅོས་བྱ་འགུལ་སྤེལ་བ་དང་། 2020ལོར་ཞིང་ཆེན་ཡོངས་ཀྱི་རང་མོས་དང་བཤགས་བཅོས་བྱེད་དགོས་པའི་ཐུམ་འབུའི་ ནད་པར་འགུལ་རྣམ་མེད་པར་བཟོ་བ་ཐོག་མར་མངོན་འགྱུར་བྱུང་། །

ཡིག་སྒྱུར་བ།  འབྲུག་མོ།