མཚོ་བྱང་ཁུལ་གྱི་བོད(སོག)རང་བཟོས་སྨན་རྫས212སྨན་བཅོས་འགན་བཅོལ་དཀར་ཆག་ཁྲོད་བཞག
2023.09.15 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 0

 ཟླ9པའི་ཚེས13ཉིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནས་ཤེས་གསལ་ལྟར་ན། མིག་སྔར། མཚོ་བྱང་ཁུལ་གྱི་བོད(སོག)རང་བཟོས་སྨན་རྫས212སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ཁྲོད་བཞག་པ་རེད།

ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་བྱང་ཁུལ་གྱིས་ཀྲུང་བོད་གསོ་རིག་གི་བྱ་གཞག་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་དོན་གལ་ཆེན་དུ་བརྩིས་ཏེ། ཀྲུང་བོད་གསོ་རིག་ལས་དོན་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་ཆེན་སྟེང་ཞུགས་པར་རམ་འདེགས་བྱས་ནས། རིགས་སོ་སོའི་མང་ཚོགས་ཀྱིས་ཀྲུང་བོད་སྨན་རྫས་ཀྱི་ཞབས་ཞུའི་དགོས་མཁོ་ནུས་ཤུགས་ཡོད་རྒུས་བསྐངས།

མཚོ་བྱང་ཁུལ་གྱིས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ《མཚོ་སྔོན་ཞིང་ཆེན་བོད(སོག)སྨན་བཅོས་སྒྲིག་གཞིའི་སྨན་རྫས་ཀྱི་སྨན་བཅོས་འགན་བཅོལ་དཀར་ཆག》དང《མི་རིགས་སྨན་རྫས་དང་། སྨན་བཅོས་སྒྲིག་གཞིའི་སྨན་རྫས། ཀྲུང་ལུགས་སྨན་རྫས། ཀྲུང་ལུགས་སྨན་རྫས་ཀྱི་རིལ་བུ་བཅས་སྨན་བཅོས་འགན་བཅོལ་རེ་ཞུའི་ལས་དོན་ནང་འཇུག་པའི་སྐོར་གྱི་བརྡ་ཐོ》སོགས་ཡིག་ཆའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། བོད(སོག)རང་བཟོས་སྨན་རྫས་ཀྱི་ཐོབ་ཐང་ལྡན་པའི་སྨན་བཅོས་ལས་ཁུངས་གཉིས་སྒྲིག་འཛུགས་བྱས་ཏེ། ཞིང་ཆེན་གྱི་སྨན་བཅོས་འགན་བཅོལ་དཀར་ཆག་ནང་བཅུག་པ་རེད།

འབྲེལ་ཡོད་ཡིག་ཆའི་དགོངས་དོན་ཁྲོད་སྨན་བཅོས་སྒྲིག་སྲོལ་གྱི་སྨན་སྦྱོར་ཁྲོད་བཀོལ་སྤྱོད་བྱེད་པའི་ཆ་རྐྱེན་དང་སྒྲིག་རིམ་གཞིར་བཟུང་ནས། མཚོ་བྱང་ཁུལ་གྱིས་རེ་ཞུ་བྱས་ཏེ། སྨན་རྫས་ལྟ་སྐུལ་ཅུའུ་ཡིས་ཆོག་མཆན་བཀོད་པའི་སྨན་སྦྱོར་སྣ106ཆི་ལེན་རྫོང་བོད་སྨན་ཁང་སོགས་སྨན་བཅོས་འགན་སྲུང་སྒྲིག་སྲོལ་ལྟར་གནས12ལ་བསྐྱལ་ཞིང་། དེའི་ཁྲོད་སྨན་སྦྱོར་སྣ33རྐང་ཚ་རྫོང་བོད་སྨན་ཁང་དུ་བསྐྱལ། རྐང་ཚ་རྫོང་སྨན་རྩིས་ཁང་གིས་འབྲེལ་ཡོད་གོ་རིམ་ལྟར་རང་བཟོས་སྨན་རྫས་སྣ97རྐང་ཚ་རྫོང་མ་བུའི་བདེ་སྲུང་འཆར་ལྡན་བུ་བཙའི་ཞབས་ཞུ་ལྟེ་གནས་སོགས་སྨན་བཅོས་འགན་བཅོལ་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི6ལ་བསྐྱལ་བར་མ་ཟད། དེ་ཚང་མ་སྨན་བཅོས་འགན་བཅོལ་སྲིད་ཇུས་ཀྱི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག ཟླ9པའི་ཚེས15ཉིན་ནས་བཟུང་། མཚོ་བྱང་ཁུལ་གྱིས་སྨན་བཅོས་སྒྲིག་སྲོལ་ལ་སྐུལ་འདེད་དང་སྣེ་ཁྲིད་བྱས་ནས། བོད(སོག)སྨན་བཅོས་ཞབས་ཞུའི་རྣམ་གྲངས་ཀྱི་རིན་གོང་མ་ལག་ལ་སྲུང་སྐྱོབ་བྱེད་པའི་བྱ་བ་དུས་ལྟར་བསྒྲུབ་རྒྱུ་རེད།

རྩོམ་སྒྲིག་པ། འབྲུག་མོ།