ཡུས་ཧྲུའུ་ཡིས“བདེ་ཐང་དབུལ་སྐྱོར་དང་གྲོང་གསེབ་དར་སྤེལ”གྱི་རྣམ་པ་གསར་བ་གསར་སྐྲུན་བྱས།
2023.09.18 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 0

 ཟླ9པའི་རིང་ལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཁང་དང་། སྡེ་བའི་འཕྲོད་བསྟེན་ཁང་སོགས་སུ་གནས་པའི་འབུར་ཐོན་གནད་དོན་ལ་དམིགས་ཏེ། “ལྟ་སྐུལ་སྤྱི་ཁྱབ་ཚན་ཆུང་གཅིག་དང་། ལྟ་སྐུལ་མཉམ་འབྲེལ་ཚན་ཆུང་དྲུག གཙོ་གནད་ལས་འགན་ཁག་བརྒྱད”ཀྱི་ཆེད་དོན་ལྟ་སྐུལ་རོགས་སྐྱོར་བྱ་བའི་སྒྲིག་སྲོལ་འཚོལ་ཞིབ་སྒྲིག་འཛུགས་བྱས་པ་དང་། ལྟ་སྐུལ་ཁྲོད་འགན་འཁྲི་དོན་འཁྱོལ་མངོན་འགྱུར་དང་། རོགས་རམ་ཁྲོད་བྱ་བའི་ཕན་འབྲས་མཐོར་འདེགས་སུ་བཏང་ནས། བདེ་ཐང་དབུལ་སྐྱོར་གྲུབ་འབྲས་དེ་གྲོང་གསེབ་དར་སྤེལ་ཕན་ནུས་ལྡན་པའི་ངང་འབྲེལ་མཐུད་བྱེད་པའི་སྲིད་ཇུས་བྱེད་ཐབས་དོན་འཁྱོལ་བཟང་བོ་བྱེད་པར་སྐུལ་འདེད་བཏང་།

ཁོངས་གཏོགས་ཡོངས་སུ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གཙོ་བོས་ལྟ་སྐུལ་རོགས་རམ་གྱི་སྤྱིའི་ཚན་ཆུང་གཙོ་བོ1གི་འགན་ཁུར་བ་དང་། ཨུ་ཡོན་ལྷན་ཁང་གི་ལས་ཁུངས་སོ་སོའི་འགོ་ཁྲིད་གཙོ་བོས་ཚན་གཙོར་བྱས་ཤིང་། གྲོང་ཁྱེར་དང་རྫོང་འཕྲོད་བསྟེན་བདེ་ཐང་ཅུའུ་ཡི་ཅུའུ་ཀྲང་ཚན་གཙོ་གཞོན་པ། ཁུལ་དང་རྫོང་། ཡུལ་ཚོ་བཅས་ཀྱི་སྨན་བཅོས་སྡེ་ཁག་གི་རྐང་འཛིན་སྟོབས་ཤུགས་དེ་ལྟ་སྐུལ་རོགས་རམ་འབྲེལ་འདྲིས་ཚན་ཆུང6ཏུ་བྱས་ཤིང་།  ཚན་ཆུང་ཆུང་བ50སྒྲིག་བཀོད་བྱས་པ་དང་། ལས་འགན་དོན་འཁྱོལ་དང་། ཞིང་སྡེའི་སྨན་བཅོས་སྡེ་ཁག་ཚད་ལྡན་ཅན་འཛུགས་སྐྲུན། ཁྱིམ་ཚང་གི་སྨན་པའི་མིང་རྟགས་འགོད་པའི་ཞབས་ཞུ་དང་། ནད་ཀྱི་དབང་གིས་དབུལ་བོར་ལོག་པའི་འགུལ་རྣམ་ལྟ་སྐུལ་ཚད་ལེན་དང་། གནད་དོན་བཅོས་སྐྱོང་སོགས་ཀྱི་བྱ་བ་སྣ8ཀྱི་གནས་ཚུལ་ལ་དམིགས་ཏེ། ཁུལ་དང་རྫོང་། ཡུལ་ཚོ་རིམ་པ་གསུམ་གྱི་སྨན་བཅོས་སྡེ་ཁག་གི་ཆེད་ལས་རྐང་འཛིན་པ་མི200ལྷག་བསྡུ་རུབ་བྱས་ཏེ། ཕན་ནུས་ཆེས་མཐོ་ཞིང་། ནུས་པ་ལྡན་པའི་བྱ་བའི་རྣམ་པས་ཁུལ་ཡོངས་ཀྱི་བདེ་ཐང་དབུལ་ཐར་གྱི་རྨང་གཞི་སྲ་བརྟན་དུ་བཏང་། 《ཁུལ་དང་རྫོང་གི་འཕྲོད་བསྟེན་བདེ་ཐང་བྱ་བའི་མཉམ་འབྲེལ་གཞི་གཅིག་ཅན་གྱི་སྐུལ་འདེད་བྱ་བའི་སྐོར་གྱི་བྱ་ཐབས》དང《དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་མཐུད་སྦྲེལ་གྱི་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་ཆེད་དོན་ལྟ་སྐུལ་རོགས་རམ་བྱ་བ་སྤེལ་བའི་སྐོར་གྱི་བརྡ་ཐོ》 བཟོས་པ་དང་། ལྟ་སྐུལ་རོགས་རམ་བྱ་བའི་ཚན་ཆུང་གིས་གཙོ་གནད་ནང་དོན་ལ་རྩད་ཞིབ་བྱེད་པ་དང་། ས་ཁུལ་གྱི་བྱ་བའི་དོན་དངོས་དང་ཟུང་འབྲེལ་སྒོས་གནས་པའི་གནད་དོན་ལ《གནད་དོན་རྩད་ཞིབ་རྩིས་ཐོ》གྲུབ་པར་བྱས་ཤིང་། ས་གནས་སོ་སོའི་ཡུལ་བབ་དང་བསྟུན་ནས་བཅོས་སྐྱོང་བྱེད་ཐབས་བཟོ་རྒྱུར་མཛུབ་སྟོན་བྱས།

ལྟ་སྐུལ་རོགས་སྐྱོར་ལས་དོན་ཚན་ཆུང་ཁག་གིས་གཞི་གྲངས་ཀྱི་མཛོད་ཆེན་མོའི་ཉེན་ཟོན་ལྟ་ཞིབ་ཚད་ལེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ལས་དོན་དོན་འཁྱོལ་ཡག་པོ་མ་བྱུང་བ་དང་།    སྲིད་ཇུས་སྒྲོག་འགྲེལ་གནད་ལ་མ་འཁེལ་བ།   སྤྱོད་ཚུལ་འགྱུར་ལྡོག་ཡག་པོ་མ་བྱུང་བ་སོགས་ཀྱི་གནད་དོན་ལ་དམིགས་པ་དང་།   ཁུལ་ཡོངས་ཀྱི་འཕྲོད་བསྟེན་ལས་དོན་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི“ཕུགས་ཀྱི་ལེགས་བཅོས”གནད་དོན་ལ་དམིགས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱ་ཆེར་བཏང་ནས། འཕྲོད་བསྟེན་ཁྱབ་ཁོངས་ཀྱི་གྲོང་གསེབ་དར་སྤེལ་གཏོང་བའི་གཙོ་གནད་ལས་དོན་དོན་འཁྱོལ་ཞིབ་ཚགས་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་།   མིག་སྔའི་བར་ཁུལ་ཡོངས་ཀྱི་ལྟ་སྐུལ་རོགས་སྐྱོར་ཚན་ཆུང་ཁག་གིས་ཡུལ་ཚོའི་འཕྲོད་བསྟེན་ཁང50དང་སྡེ་བའི་འཕྲོད་བསྟེན་ཁང63ལ་ལྟ་སྐུལ་རོགས་སྐྱོར་བྱས་པ་དང་།    རིམ་རྩིས་བྱས་ན་ཁྱིམ་ཚང་སྨན་པའི་ཁ་ཆད་ལག་བསྟར་དཔྱད་ཡིག་འཐུས་ཚང་མེད་པ་སོགས་ཀྱི་གནད་དོན235བཅོས་སྒྲིག་བྱས།

རྩོམ་སྒྲིག་པ།འབྲུག་མོ།