ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས“ཤུགས་སྣོན་བཞི”ཡིས་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་།
2023.10.18 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 0

བདེ་ཐང་དབུལ་སྐྱོར་གྱི་གྲུབ་འབྲས་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་ཡོང་ཆེད། ད་ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་དོ་དམ་དང་། མ་ལག་འཛུགས་སྐྲུན། ནུས་པ་ཆེར་གཏོང་། ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་བཅས་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་དམིགས་ཏེ་རྫོང་དང་ཡུལ་ཚོ། སྡེ་བ་བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོར་བཏང་ནས་གྲོང་གསེབ་དར་སྤེལ་གཏོང་བའི་ལས་དོན་ལ་ཕན་འབྲས་དངོས་ཐོན་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཡོད།

ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚགས་དམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་སྣ་འདྲེན་སྨན་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རྫོང་ཁོངས་ཀྱི་སྤུས་ཚད་མཚུངས་པའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་བཏང་སྟེ་རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པ42བཙུགས་པ་དང་གཞི་རིམ་གྱི་སྨན་བཅོས་སྒྲིག་གཞི338ལ་ཁྱབ་ཡོད། མ་དངུལ་བཏང་ནས་རྫོང་ཁོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ནུས་པ་འཛུགས་སྐྱོང་རྣམ་གྲངས་ལག་བསྟར་བྱས་ཏེ་རྫོང་ཁོངས་ཀྱི་སྨན་བཅོས་སྒྲིག་གཞིའི་ཁྱད་ལྡན་ཚན་ཁག་འཛུགས་སྐྱོང་དང་། མི་སྣ་གསོ་སྦྱོང་། སྒྲིག་ཆས་རིམ་སྤོར་སྒྱུར་བཀོད་བཅས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་སྤྱོད་རྒྱུ་རེད། གཞི་རིམ་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཞབས་ཞུའི་ནུས་པ་ཇེ་མཐོར་གཏོང་བའི་འདུ་འགོད་ལག་ལེན་དུ་བསྟར་ནས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཁང་ཉེར་བཞི་དང་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཁང88བསྐྲུན་ཡོད་པ་རེད། “གཞི་རིམ་ལ་ཞབས་འདེགས་ཡག་པོ་ཞུ་བའི”བྱེད་སྒོ་དང་སྡེ་ཁུལ་སྨན་ཁང་འཛུགས་སྐྱོང་རྒྱུན་མཐུད་ངང་སྤེལ་བ་དང་གཞི་རིམ་གྱི་སྨན་བཅོས་སྒྲིག་གཞི་སོ་བདུན་དང་སྡེ་ཁུལ་སྨན་ཁང་དྲུག་འཛུགས་སྐྲུན་ཚན་པར་གཏན་འཁེལ་བྱས་པ་རེད། ཞིང་ཆེན་ཡོངས་ཀྱི་ཞིང་ཆེན་རིམ་པའི་སྨན་ཁང་བཅུ་གཉིས་དང་། སྨན་བཅོས་སྒྲིག་གཞི386ལ་ཞིང་ཆེན་དང་གྲོང་ཁྱེར། ཁུལ། རྫོང་། ཡུལ་ཚོ་དང་གྲོང་རྡལ་བཅས་རིམ་བཞིའི་མཉམ་འགུལ་རྒྱང་བསྟེན་སྨན་བཅོས་དང་རྒྱང་ཁྲིད་སློབ་གསོའི་མ་ལག་བཙུགས་ཡོད་པ་རེད།

དེ་དང་ཆབས་ཅིག་སྨན་བཅོས་འཇོན་མིའི“ཚོགས་སྒྲིག་རྣམ་པའི”ཐོག་ནས་མཚོ་སྔོན་ལ་རོགས་སྐྱོར་དང་ཁ་གཏད་རོགས་སྐྱོར། མཚོ་སྔོན་ལྷོ་རྒྱུད་ཀྱི་སྨན་བཅོས་རོགས་སྐྱོར། མཚོ་སྐོར་གྱི་སྨན་བཅོས་རོགས་སྐྱོར་བཅས་ཀྱི་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་ཇེ་མཐོར་བཏང་། རྫོང་ཁོངས་ཀྱི་སྐོར་སྐྱོད་སྨན་བཅོས་དང་མངགས་གཏོང་ཞབས་ཞུའི་ལས་དོན་སྤེལ་ནས་རྫོང་ཁོངས་དུ་སྐོར་སྐྱོད་སྨན་བཅོས་རུ་ཁག་འཛུགས་རྒྱུར་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་། གྲོང་ཚོ་རིམ་པའི་སྐོར་སྐྱོད་སྨན་བཅོས་དང་ཡུལ་ཚོ་རིམ་པའི་མངགས་གཏོང་ཞབས་ཞུའི་ལས་དོན་སྤེལ་ནས་གྲོང་གསེབ་ཀྱི་རྒྱུན་མཐོང་ནད་རིགས་དང་འབྱུང་སླ་བའི་ནད་རིགས། ནད་གཞི་ཚབས་ཆེན་བཅས་སྐྱོབ་བཅོས་བྱེད་པའི་ནུས་པ་ཆེ་རུ་གཏོང་བ། གཞི་རིམ་གྱི་འཕྲོད་བསྟེན་འཇོན་མིའི་ནུས་པ་ཆེར་གཏོང་གི་གསོ་སྦྱོང་རྣམ་གྲངས་ཡག་པོ་སྒྲུབ་པ། གྲོང་ཚོ་འཕྲོད་བསྟེན་ཁང་ལ་ཁ་ཕྱོགས་པའི་ལོ་གསུམ་ལམ་ལུགས་ཀྱི་འབྲིང་རིམ་དང་མཐོ་རིམ་ལས་རིགས་སློབ་གྲྭའི་ཞང་གྲོང་སྨན་པའི་རིན་མེད་གནས་ངེས་གྱི་གསོ་སྦྱོང་རྣམ་གྲངས་དོན་འཁྱོལ་བྱེད་པ། སློབ་གྲྭ་ཆེན་མོ་བའི་ཞང་གྲོང་སྨན་པའི་ཆེད་དོན་འཆར་གཞི་ལག་ལེན་བསྟར་བ། གནད་ལ་འཁེལ་བའི་སྒོ་ནས་ཞང་གྲོང་སྨན་པའི་ཆུ་ཚད་དང་གྲུབ་ཚུལ་ཇེ་མཐོར་ གཏོང་བ། གཞི་རིམ་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་བསྟུད་མར་ཆེ་རུ་ཡོང་བ་བྱེད་དགོས། །

རྩོམ་སྒྲིག་པ། འབྲུག་མོ།