མཚོ་སྔོན་གྱིས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་གཞིར་འབེབས་དང་ཆ་སྙོམས་བཀོད་སྒྲིག་ལ་སྐུལ་འདེད་བཏང་བ།
2023.10.31 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 15

ཟླ་བཅུ་པའི་ཚེས་སུམ་ཅུའི་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་བསྒྲུབས་པའི“དུས་རབས་གསར་པ། མཚོ་སྔོན་གསར་པ། བགྲོད་ལམ་གསར་པ”ཞེས་པའི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་ཆེད་དོན་གསར་འགྱུར་ཡོངས་སྒྲོག་ཚོགས་འདུའི་ཐོག་ཤེས་གསལ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་བཅོས་སྒྱུར་འཇུག་སྒོར་བྱས་པ་དང་། འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་འགྲོ་སོངGDPཡི་ཟིན་ཚད10.29%ནས11.06%བར་མཐོར་བཏེགས་པ། མི་སྒེར་གྱི་གཏོང་སྒོ་འཕྲོད་བསྟེན་འགྲོ་སོང་གི་ཟིན་ཚད26%ནས22.09%བར་མར་ཕབ་པ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་བདེ་ཐང་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མུ་མཐུད་དུ་ཇེ་མཐོར་བཏང་ཡོད།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྫོང་ཁོངས་སྨན་བཅོས་ཞབས་ཞུ་ཐུན་མོང་ཚོགས་པ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ཞིང་ཆེན་རིམ་པའི་སྨན་བཅོས་འགན་སྲུང་སྤྱི་འབོར་དངུལ་གཏོང་དོ་དམ་དང་མི་སྣ་སྤྱི་འདོམས་བེད་སྤྱོད། ནོར་དོན་དོ་དམ། འཇོན་མི་གསོ་སྐྱོང། ཆ་འཕྲིན་ཅན་འཛུགས་སྐྱོང་སོགས་“གཙོ་གཅིག་ཟུར་བཅུའི”སྲིད་ཇུས་བྱེད་ཐབས་ཞིབ་ཕྲར་བཏང་བ། ཞིང་ཆེན་ཡོངས་སུ་བསྡོམས་པས་རྫོང་ཁོངས་སྨན་བཅོས་ཞབས་ཞུ་གཅིག་མཐུན་ཚོགས་པའི་སྨན་ཁང་ཞེ་གཉིས་བཙུགས་ཏེ། རྫོང་རིམ་པའི་སྨན་ཁང་ང་བདུན་དང་གཞི་རིམ་སྨན་བཅོས་སྒྲིག་གཞི་སུམ་བརྒྱ་དང་སོ་བརྒྱད་ལ་ཁེབས་པར་བྱས། ས་གནས་སོ་སོ་ནས་སྟེགས་བུ་བཙུགས་ནས་གཞི་རྩའི་སྨན་བཅོས་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཆ་འཕྲིན་ཕན་ཚུན་འབྲེལ་མཐུད་ཡོང་བར་སྐུལ་འདེད་བཏང་བ། རྫོང་རེ་ཚན་པ་རེ་བྱས་ནས་བརྙན་པར་དང་སྙིང་རིས། བརྟག་བཤེར་སོགས་ཀྱི་ལྟེ་བ་བཙུགས་ཤིང་གཞི་རིམ་གྱིས་བརྟག་པ་དང་རིམ་པ་གོང་མས་གཏན་ཕབ་བྱེད་པ། ཡུལ་ཁོངས་ཀྱི་ཕན་ཚུན་ངོས་ལེན་བཅས་ལ་སྐུལ་འདེད་བཏང་བ། སྨན་བཅོས་ཞབས་ཞུ་གཅིག་མཐུན་ཚོགས་པའི་ཆེད་མཁས་པའི་ཐོན་ཁུངས་དང་སྨན་བཅོས་ལག་རྩལ་། སྨན་རྫས་འགན་སྲུང་སོགས་གོང་འོག་སྦྲེལ་བ་མངོན་འགྱུར་བྱས་ཏེ། སྨན་བཅོས་ཞབས་ཞུ་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་།

མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་སྒོས་སྨན་ཁང་བཅུ་གསུམ་(དེའི་ཁྲོད། ཞིང་ཆེན་རིམ་པའི་སྨན་ཁང་ལྔ་དང་། གྲོང་ཁྱེར་དང་ཁུལ་རིམ་པའི་སྨན་ཁང་ལྔ། རྫོང་རིམ་པའི་སྨན་ཁང་གསུམ་བཅས་ཡོད)གཏན་འཁེལ་བྱས་ནས་གཞུང་གཉེར་སྨན་ཁང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཚོད་ལྟ་ལ་སྐུལ་འདེད་བཏང་བ་དང་། ཚོད་ལྟའི་གནས་ཀྱིས་སྣེ་ཁྲིད་ནས། ཞིང་ཆེན་ཡོངས་ཀྱི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་དང་ཡུལ་ཁོངས་ཆ་སྙོམ་བཀོད་སྒྲིག་ཇེ་མགྱོགས་སུ་བཏང་ནས། མང་ཚོགས་ལ་ཉེ་འགྲམ་ནས་འདྲ་མཉམ་ཐོབ་སླ་དང་རྒྱུད་ཁོངས་མུ་འབྲེལ་ཀྱི་བདེ་ཐང་ཞབས་ཞུ་ལོངས་སྤྱོད་བྱེད་དུ་བཅུག “མཚོ་སྔོན་ལྷོ་རྒྱུད་ཀྱི་སྨན་བཅོས་རོགས་སྐྱོར”ཆེད་དོན་འགུལ་སྐྱོད་འཆར་གཞི་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བ་དང་། ཞིང་ཆེན་རིམ་པའི་སྨན་ཁང་བཅུ་གཉིས་ཀྱི་མི་183གྱིས་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་སྨན་ཁང21ལ་ཁ་གཏད་རོགས་སྐྱོར་བྱས་པ། དེའི་རྨང་གཞིའི་ཐོག་མཚོ་སྐོར་སྨན་བཅོས་རོགས་སྐྱོར་འགུལ་སྐྱོད་ལག་བསྟར་ལ་སྐུལ་འདེད་བཏང་བ་དང་། ཞིང་ཆེན་རིམ་པའི་སྨན་ཁང12ཀྱི་མི་སྣ100ཡིས་མཚོ་སྐོར་ས་ཁུལ་གྱི་སྨན་ཁང20ལ་ཁ་གཏད་རོགས་སྐྱོར་བྱས་པ། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་སྨན་བཅོས་འཕྲོད་བསྟེན་འཇོན་མིའི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་གཏིང་ཟབ་ཏུ་སྤེལ་བ་དང་། རང་སྐྱོང་ཁུལ6གི་མི་དམངས་སྨན་ཁང་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་ཁྱབ་ཁོངས་སུ་བསྡུ་རྒྱུ་ཡིན་པ་དང་། རང་ཞིང་གི་མཐའ་འཁོབ་ས་ཁུལ་གྱི་སྨན་བཅོས་ཞབས་ཞུ་གནས་ཚུལ་ནུས་ལྡན་སྒོས་ཇེ་ལེགས་སུ་གཏང་རྒྱུ་རེད།

རྒྱལ་ཁབ་ཀྱི་ཡུལ་ཁོངས་སྨན་བཅོས་ལྟེ་གནས་དང་རྒྱལ་ཁབ་འཕྲལ་བསྟུན་གསོ་རིག་རོགས་སྐྱོབ་རྟེན་གཞི་འཛུགས་སྐྲུན་ལག་བསྟར་བྱེད་པ་དང་། མཐོ་སྒང་གི་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། མཚོ་སྔོན་ལ་རྐང་འཛུགས་པ་དང་རྒྱལ་ཡོངས་ལ་ཁ་ཕྱོགས་པ། འཛམ་གླིང་ལ་ཁྱབ་པའི་སྨན་བཅོས་དང་ཚན་ཞིབ། གཞན་སྒྱུར་བཅས་གཞི་གཅིག་ཅན་གྱི་སྟེགས་བུ་འཛུགས་པར་དམིགས་པ། མཐོ་སྒང་གི་གསོ་རིག་ཞིབ་འཇུག་དང་མཐོ་སྒང་གི་ནད་འགོག་བཅོས་བྱེད་པའི་མཚོ་སྔོན་གྱི་མཐོ་ས་བསྐྲུན་པར་ཤུགས་སྡུད་པ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཞིང་ཆེན་རིམ་པའི་ཡུལ་ཁོངས་སྨན་བཅོས་ལྟེ་གནས་ལག་བསྟར་འཕེལ་འགྲོས་ལ་མྱུར་ཏུ་སྐུལ་འདེད་གཏོང་བ། མཚོ་ཤར་གྲོང་ཁྱེར་གྱི་ཞིང་ཆེན་རིམ་པའི་ཡུལ་ཁོངས་སྨན་བཅོས་ལྟེ་གནས་འཛུགས་མགོ་བརྩམས། དུས་མཚུངས་སུ། རྒྱལ་ཁབ་ཀྲུང་ལུགས་སྨན་ཁང་ཡུལ་ཁོངས་སྨན་བཅོས་ལྟེ་གནས་དང་ཀྲུང་ལུགས་ཕྱི་ལུགས་སྨན་ཁང་མཐུན་སྦྱོར་སྨན་ཁང་དང་། རྨ་ལྷོ་དང་མགོ་ལོག་བོད་སྨན་ཁང་རྒྱལ་ཁབ་ཀྲུང་ལུགས་སྨན་ཁང་ཁྱད་ལྡན་གཙོ་གནད་སྨན་ཁང་ལས་གཞི་ལ་སྐུལ་འདེད་གཏོང་བ་དང་། མཐོ་སྒང་ཀྲུང་ལུགས་སྨན་ཁང་ཁྱད་ལྡན་ཚོང་རྟགས་བློ་ཞིབ་མོས་བསྐྲུན་ནས། ཀྲུང་ལུགས་སྨན་རྫས་དང་ཕྱི་ལུགས་སྨན་རྫས་ཕན་ཚུན་ཁ་གསབ་དང་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་ལེགས་པོ་ཆགས་པར་སྐུལ་འདེད་བཏང་། །

རྩོམ་སྒྲིག་པ། འབྲུག་མོ།