མཚོ་སྔོན་གྱིས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་།
2023.11.07 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 18

ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་ཞབས་ཞུ་དྲ་བ་གཞི་རྩའི་ཆ་ནས་བཙུགས་ཟིན་པ་དང་། བོད་ཀྱི(སོག་ལུགས)གསོ་རིག་སྨན་བཅོས་སྡེ་ཁག་ནང་ཁུལ་གྱི་སྨན་རྫས་སྡེབ་སྦྱོར492སྨན་བཅོས་འགན་སྲུང་དངུལ་གཏོང་ཁྱབ་ཁོངས་སུ་བཅུག བོད་ཀྱི་གསོ་རིག་སྨན་རྫས་རྒྱལ་སྤྱིའི་མཉམ་ལས་རྟེན་གཞི(མཚོ་སྔོན)ནི་རྒྱལ་ཡོངས་ཀྱི་ཐོག་དང་པོ་ཡིན་པ་དང་། མིག་སྔར་ཆེད་དུ་བོད་ཀྱི་གསོ་རིག་སྨན་རྫས་ཕྱི་ཕྱོགས་བརྗེ་རེས་དང་མཉམ་ལས་བྱེད་པའི་རྒྱལ་ཁབ་རིམ་པའི་དཔེ་སྟོན་རང་བཞིན་གྱི་ལས་གཞི་གཅིག་པུ་ཡིན། ཟླ11པའི་ཚེས2ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན། རང་ཞིང་གིས་རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཇུས་ཆོད་གལ་ཆེན་བཀོད་སྒྲིག་ལག་བསྟར་དངོས་འབེབས་ཟབ་མོ་བྱས་ཤིང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་།

ཞིང་ཆེན་ཡོངས་སུ་གཞུང་གཉེར་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་ཁང42ཡོད་པ་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་ཁང་གི་ཞག་སྡོད་ཉལ་ཁྲི6850ཡོད། ཞིང་ཆེན་ཡོངས་སུ་ཕྱོགས་བསྡུས་སྨན་ཁང53ཡོད་པ་དང་བུད་མེད་དང་བྱིས་པའི་བདེ་ཐང་འགན་སྲུང་སྒྲིག་གཞི20བཅས་ཀྱིས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་ཞབས་ཞུ་སྤེལ་བཞིན་ཡོད། ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སུ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་ཁང439འཛུགས་སྐྲུན་བྱས་པ་དང་། འཛུགས་སྐྲུན་ཁེབས་ཚད100%ལ་སླེབས། ཞིང་ཆེན་ཡོངས་ཀྱི100%ཡི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་སྟེ་གནས་དང97.3%གྱི་ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཁང་གིས་ཀྲུང་ལུགས་དང་བོད་ལུགས་གསོ་རིགས་སྨན་རྫས་ཞབས་ཞུ་འདོན་སྤྲོད་བྱེད་ཐུབ། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་དང་སྨན་བཅོས་འགན་སྲུང་སོགས་སྡེ་ཁག་དང་མཉམ་དུ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་ཕྱོགས་བསྡུས་བཅོས་སྒྱུར་ལ་བརྟན་བརླིང་སྒོས་སྐུལ་འདེད་བཏང་བ་དང་། མིག་སྔའི་བར་མི་རིགས་སྨན་རྫས་རིགས156རང་ཞིང་གི་སྨན་བཅོས་འགན་སྲུང་རེའུ་མིག་ཏུ་བཅུག ད་ཡོད་ཀྱི་ཀྲུང་ལུགས་སྨན་རྫས་རིགས892ཀྱི་རྨང་གཞིའི་ཐོག བོད་ལུགས་གསོ་རིག་དང་ཀྲུང་ལུགས་སྨན་རྫས་རིགས150སྨན་བཅོས་འགན་སྲུང་དངུལ་གཏོང་ཁྱབ་ཁོངས་སུ་བཅུག རང་ཞིང་གི་སྨན་བཅོས་འགན་སྲུང་རེའུ་མིག་ཏུ་ཀྲུང་ལུགས་སྨན་རྫས་འབྲེལ་ཡོད་ཀྱི་ཀྲུང་ལུགས་སྨན་རྫས་སྦྱོར་ཐབས་སྨན་བཅོལ་འགན་སྲུང་ནང་འཇུག་རྒྱུ་ཡིན་པ་དང་། རྒྱལ་ཡོངས་ཀྱི་སྔོན་ལ་བོད་ལུགས(སོག་ལུགས)གསོ་རིག་སྨན་བཅོས་སྒྲིག་གཞིའི་སྨན་སྦྱོར་སྨན་བཅོས་འགན་སྲུང་རེའུ་མིག་ཐོག་མ་བཟོས་ནས། འགན་སྲུང་ནང་ཞུགས་པའི་མང་ཚོགས་ཀྱི་སྨན་སྤྱོད་དགོས་མཁོ་སྔར་ལས་ལྷག་པར་བསྐང་རྒྱུ་རེད།

རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ཡུལ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་དང་ཀྲུང་ནུབ་གསོ་རིག་མཐུན་སྦྱོར་སྨན་ཁང་གཙོ་བོ་ཚོད་ལྟའི་ལས་གཞི་རང་ཞིང་དུ་དངོས་འབེབས་བྱས་ཤིང་། དུས་མཚུངས་སུ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྤུས་ཀ་ཚོད་འཛིན་ལྟེ་གནས10བཙུགས་པ་དང་། ཞིང་ཆེན་དང་གྲོང་ཁྱེར(ཁུལ)རིམ་པའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྤུས་ཀ་ཚོད་འཛིན་མ་ལག་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས། དཔེ་སྟོན་ཀྲུང་ལུགས་དང་བོད་ལུགས་སྨན་ཁང104དང་ཀྲུང་ལུགས་དང་བོད་ལུགས་སྨན་རྫས་འཚོང་ས94བཙུགས་ཤིང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་ཞབས་ཞུ་ནུས་པ་མངོན་གསལ་སྒོས་ཇེ་དྲག་ཏུ་ཕྱིན། བོད་སྨན་གསར་སྤེལ་གཙོ་གནད་ཚོད་ལྟ་ཁང་བཙུགས་པ་དང་། བོད་ལུགས་གསོ་རིག་སྨན་རྫས་གྲངས་འཛིན་ཅན་གྱི་བཟོ་སྐྲུན་ལག་ཏུ་བསྟར་བ། བོད་ལུགས་གསོ་རིག་སྨན་རྫས་ཆེད་ལས13གྱི་གཞི་གྲངས་མཛོད་དང་མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སྨན་རྫས་ཆ་འཕྲིན་དྲ་བའི་སྟེགས་བུ་བཙུགས་ཏེ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་ཚན་ཞིབ་གསར་གཏོད་ལ་སྟོབས་དང་ལྡན་པར་སྐུལ་འདེད་བཏང་།

ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་འཇོན་མིའི་རུ་ཁག་ཇེ་བརྟན་དུ་གཏོང་བ་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་བབ་བསྟུན་ལག་རྩལ་དང་ཕྱི་བཅོས་ཁྱད་ལྡན་བཅོས་ཐབས་ཁྱབ་གདལ་དུ་བཏང་ནས། མང་ཚོགས་ལ་སྔར་ལས་སྤུས་ལེགས་དང་། ཕན་མཐོ། སྟབས་བདེ་བཅས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་ཞབས་ཞུ་འདོན་སྤྲོད་བྱས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་རིག་གནས་སློབ་གླིང་དུ་སྤྱོད་པའི་བྱེད་སྒོ་སྤེལ་བ་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཁྱད་ཆོས་ཡོད་པའི་སྒྲིག་གཞི16བདམས་ནས་ཞིང་ཆེན་རིམ་པའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་དང་རིག་གནས་སློབ་གསོ་དྲིལ་སྒྲོག་རྟེན་གཞི་འཛུགས་སྐྲུན་བྱས་ཏེ། ཀྲུང་ལུགས་དང་བོད་ལུགས་སྨན་རྫས་སྲོལ་རྒྱུན་རིག་གནས་དར་རྒྱས་གོང་འཕེལ་དུ་བཏང་། མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་ཐོན་ལས་དངོས་མང་སྟོན་ཚོགས་སུ་བོད་ཀྱི་གསོ་རིག་སྨན་རྫས་ཐོན་ལས་མཉམ་ལས་དང་འཕེལ་རྒྱས་གླེང་སྟེགས་དང་། “ལྷ་རྗེའི་འཇོན་ནུས་དང་ལྷག་བསམ”ཞེས་པའི་བོད་ཀྱི་གསོ་རིག་སྨན་རྫས་འགྲེམ་སྟོན། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དང་དུས་ཐུང་གི་གསོ་སྦྱོང་མཉམ་ལས་ལས་གཞི་སྤེལ་བ་སོགས་ཀྱི་བྱེད་སྒོ་སྤེལ་ནས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་ཕྱི་ཕྱོགས་བརྗེ་རེས་དང་མཉམ་ལས་ཉིན་རེ་བཞིན་ཇེ་མང་དུ་བཏང་། །

རྩོམ་སྒྲིག་པ། འབྲུག་མོ།