གསར་འགོད་པའི་ཉེ་ཆར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན། རང་ཞིང་གིས་དེང་རབས་ཅན་གྱི་ནད་རིགས་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་སྐྲུན་དེ་དུས་རབས་གསར་བའི་སྤྱི་བའི་འཕྲོད་བསྟེན་གནད་དོན་ལ་གདོང་གཏོད་པའི་དམ་འཛིན་བྱེད་ས་དང་། ནུས་ལྡན་གྱི་བྱེད་ཐབས་སུ་བྱས་ཏེ། རང་ཞིང་གི་རིམ་པ་སོ་སོའི་ནད་རིགས་ཚོད་འཛིན་སྡེ་ཁག་གི་གཞོགས་འདེགས་དང་ནུས་ཤུགས་ཇེ་མཐོ། སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་ནུས་ཤུགས་མཐོར་འདེགས་བཅས་སུ་བཏང་ནས། མང་ཚོགས་ཀྱི་བདེ་ཐང་བདེ་སྐྱིད་མུ་མཐུད་ནས་མཐོར་འདེགས་སུ་བཏང་།
རང་ཞིང་གིས་སྔ་རྗེས་སུ་ཞིང་ཆེན་རིམ་པའི་ནད་རིགས་ཚོད་འཛིན་ལྟེ་གནས་འཛུགས་སྐྲུན་ལས་གཞི་གཅིག་དང་། ཞིང་ཆེན་རིམ་པའི་རིམས་ནད་མྱུར་བཅོས་རྟེན་གཞིའི་འཛུགས་སྐྲུན་ལས་གཞི་གཅིག ཆེད་ལས་ནད་རིགས་བརྟག་བཅོས་ལྟེ་གནས་གཅིག ཁུལ་རིམ་པའི་དབང་བོའི་འཕྲོད་བསྟེན་བརྟག་བཅོས་ལྟེ་གནས་གཅིག རྫོང་རིམ་པའི་ནད་རིགས་ཚོད་འཛིན་ལྟེ་གནས་འཛུགས་སྐྲུན་ལས་གཞི་སུམ་ཅུ་ལག་བསྟར་བྱས། ཞིང་ཆེན་རིམ་པའི་ནད་རིགས་ཚོད་འཛིན་སྡེ་ཁག་བརྡ་འཕྲིན་ཅན་འཛུགས་སྐྲུན་དང་། རྫོང་རིམ་པའི་ནད་རིགས་ཚོད་འཛིན་སྡེ་ཁག་གི་ནུས་ཤུགས་འཛུགས་སྐྲུན་དང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་རིམ་པ་གསུམ་གྱི་འགོས་ནད་ལྟ་སྐུལ་ཚད་ལེན་སྔོན་བརྡ་དང་། འཕྲལ་བསྟུན་བཀོད་འདོམས་ནུས་ཤུགས་མཐོར་འདེགས་ལས་གཞི་ལག་བསྟར་བྱས་ཏེ། གཞི་རིམ་ནད་རིགས་ཚོད་འཛིན་སྡེ་ཁག་གི་རྨང་གཞི་དང་བརྡ་འཕྲིན་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་བཏང་། སྟོབས་ཤུགས་ཡོད་རྒུས་རིམ་པ་སོ་སོའི་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གི་ནད་གཞིའི་ཞིབ་བཤེར་ཚད་ལེན་ཚོད་ལྟ་ཁང་འཛུགས་སྐྲུན་ལ་སྐུལ་འདེད་དང་།
ཞིང་ཆེན་ཡོངས་སུ་ཉིང་བསྐྱུར་ཚད་ལེན་ཞིབ་བཤེར་ཚོད་ལྟ་ཁང161ལ་སླེབས་ཤིང་། ཉིང་བསྐྱུར་ཚད་ལེན་ཚོད་ལྟ་ཁང་གི་རྫོང་རིམ་པ་ཡོངས་སུ་ཁེབས། དུས་མཚུངས་སུ། ཞིབ་བཤེར་གྱི་ཚད་ལེན་གོ་རིམ་ལག་བསྟར་མཐོར་འདེགས་དང་། ནད་རིགས་ཚོད་འཛིན་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རིམས་ནད་ཐག་གཅོད་ཐད་གཞོགས་འདེགས་མཁོ་འདོན་བྱས། །
རྩོམ་སྒྲིག་པ། འབྲུག་མོ།