གློ་སྐྲན་ནི་འབྱུང་ཚད་མཐོ་བའི་ནད་རིགས་སུ་གྱུར་ཡོད།
2023.11.15 ཁུངས། གུང་ཁྲན་ཏང་གསར་འགྱུར་དྲ་བ། ཀློག་གྲངས། 0

 རྒྱལ་ཁབ་འབྲས་སྐྲན་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན།  རང་རྒྱལ་གྱི་གློ་སྐྲན་ནི་ལོ་རེར་ནད་དཔེ་གསར་པ་འབུམ་བརྒྱད་ཁྲི་གཉིས་ལྷག་ཡོད་པ་དང་།  ནད་བྱུང་ཚད་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པའི་ནད་ཅིག་རེད།

གློ་སྐྲན་གྱི་ཉེན་ཁའི་རྒྱུ་རྐྱེན་ནི་ཐ་མག་འཐེན་པ་དང་། འགྱེད་འཕྲོའི་ཐིག་ལ་རེག་པ། རྫས་འགྱུར་དངོས་པོ་ཕྱིར་མངོན་པ་སོགས་འདུས་ཡོད།

སྔ་དུས་ཀྱི་གློ་སྐྲན་མང་ཆེ་བར་ནད་རྟགས་མེད་མོད།   འོན་ཀྱང་གློ་དྲག་ཏུ་ལུ་བ་དང་ལུད་པའི་ནང་ཁྲག་འདྲེས་པ། བྲང་ཁ་འགག་ནས་དབུགས་འཚང་བ་སོགས་ཀྱི་ནད་རྟགས་བྱུང་ན།  70%ཡན་ནི་དུས་སྐེད་དང་དུས་མཇུག་གི་གློ་སྐྲན་གྱི་ནད་རྟགས་ཡིན་པ་རེད།

CTབརྟག་དཔྱད་འཕྲུལ་ཆས་ཀྱིས་བརྟག་དཔྱད་བྱེད་སྐབས་དྲག་སྐྱེད་བྱུང་བའི་སྔ་དུས་ཀྱི་གློ་སྐྲན་མཐོང་ཐུབ། འཛམ་གླིང་གི་རྒྱལ་ཁབ་ཚང་མས་བྱེད་ཐབས་འདི་གློ་བའི་འབྲས་སྐྲན་ལ་བརྟག་དཔྱད་བྱེད་པའི་བྱེད་ཐབས་གཙོ་བོར་མཚམས་སྦྱོར་བྱས་ཡོད།

སི་ཁྲོན་སློབ་ཆེན་ཧྭ་ཞིས་སྨན་ཁང་གི་ཡོན་ཀྲང་ལི་ཝུའེ་མེན་གྱིས་བཤད་རྒྱུར།  གློ་སྐྲན་ འབྱུང་བའི་ལོ་ཚད་དེ་རང་རྒྱལ་དུ་རིམ་བཞིན་ན་གཞོན་ཅན་དུ་གྱུར་ཡོད། ལོ40ཡན་ ལས་གཞན།   གཤམ་གྱི་ཉེན་ཁའི་རྒྱུ་རྐྱེན་སྟེ།  ཐ་མག་འཐེན་པ་དང་།  སྐྲན་ནད་ཁྱིམ་རྒྱུད་ཀྱི་ལོ་རྒྱུས།  གློ་སྐྲན་ཁྱིམ་རྒྱུད་ཀྱི་ལོ་རྒྱུས།  དལ་བའི་རང་བཞིན་གྱི་གློ་བའི་ནད་རིགས་བཅས་ཀྱི་ལོ་རྒྱུས་ཡོད་པ་དག་གིས་གློ་སྐྲན་ལ་བརྟག་དཔྱད་བྱེད་དགོས། ང་ཚོསCTབརྟག་དཔྱད་འཕྲུལ་ཆས་དེ་གློ་སྐྲན་བརྟག་དཔྱད་སྨན་བཅོས་འགན་བཅོལ་གྱི་ཁྱབ་ཁོངས་ནང་བཞག་ནས།  ཆ་ཤས་ཤིག་རྩིས་ཞུའི་མ་དངུལ་ཞིག་ཏུ་བརྩིས་ཏེ། ཉེན་ཁ་ཆེ་བའི་མི་ཚོགས་ཚང་མར་གློ་བའི་འབྲས་སྐྲན་བརྟག་དཔྱད་བྱེད་དུ་བཅུག་ན། སྔ་དུས་ཀྱི་གློ་བའི་འབྲས་སྐྲན་མང་པོ་ཤེས་རྟོགས་བྱུང་ནས། གློ་བའི་འབྲས་སྐྲན་ནད་པ་ལོ5རིང་གསོན་ཚད་ཇེ་མཐོར་གཏོང་ཐུབ་ཟེར།

རྩོམ་སྒྲིག་པ།འབྲུག་མོ།