རྒན་པ་རྣམས་ཀྱིས་ལུས་ཁམས་གསོ་བའི་ཐད་ཀྱི་ཤེས་བྱ་འགའ།
2023.11.20 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

གཅིག དོན་དག་དང་འཕྲད་སྐབས་མི་བྲེལ་བ། ལོ་ན་གཞོན་པའི་སྐབས་སུ་བྲེལ་བསྟུན་གྱི་ནུས་པ་དྲག་པོ་ལྡན་པས། དོན་དག་གང་ཞིག་དང་འཕྲད་སྐབས་མྱུར་དུ་དེ་ལ་ཁ་གཏད་འཇལ་ཐུབ། དཔེར་ན། ཐོལ་བྱུང་དོན་དག་ཅིག་དང་འཕྲད་སྐབས། སྙིང་ལྷོག་ལྷོག་ཏུ་ལྡིང་བ་དང་ཁྲག་ཤེད་ཇེ་མཐོར་འགྲོ་ནའང་། དོན་སྣོད་ཀྱི་གསོག་ནུས་ཚད་མཐོ་ཞིང་ཁྲག་རྩར་ལྡེམ་གཤིས་ལྡན་པའི་དབང་གིས། བྲེལ་བ་དང་ཁོང་ཁྲོ་ལངས་རུང་སྐྱོན་ཆེན་པོ་འབྱུང་མི་སྲིད། ཡིན་ནའང་ན་ཚོད་ཇེ་ཆེར་སོང་རྗེས་སེམས་པར་གཡོ་འགུལ་ཐེབས་ན་སྙིང་གི་ལྡིང་ཚད་ཇེ་མགྱོགས་སུ་འགྲོ་བ་དང་ཁྲག་ཤེད་ཀྱང་ཇེ་མཐོར་འགྲོ་ལ། དེའི་ཁར་དོན་སྣོད་ཀྱི་གསོག་ནུས་ཚད་མི་ལེགས་པས། སྙིང་ལ་ཁྲག་ཆད་པ་དང་ཐ་ན་པྲོག་དབྱིབས་སྙིང་ནད་དང་སྙིང་རྩ་འགག་པ་སོགས་ཀྱི་ཉེན་ཁ་འབྱུང་སྲིད། དེ་བས་རྒན་པ་རྣམས་ཀྱིས་དོན་དག་གང་ཞིག་དང་འཕྲད་སྐབས་བྲེལ་བ་མི་ལངས་པ་དང་བག་ཕེབས་ངང་དེ་ལ་ཁ་གཏད་འཇལ་བའི་འཇོན་ནུས་དེ་སློབ་དགོས། བྲེལ་བ་མི་ལངས་པ་དང་སེམས་རྒྱ་ཆེ་བར་བྱས་ན་ནད་ཀྱི་འཚེ་བ་དང་རིང་དུ་འབྲལ་བར་འགྱུར།

གཉིས། ནད་ཡོད་ན་སྔ་མོ་ནས་གསོ་བཅོས་བྱེད་པ། རྒན་པ་མི་ཉུང་བ་ཞིག་གིས་ལུས་པོ་མི་བདེ་བའི་སྐབས་སུ། བཟོད་བསྲན་བྱས་ཏེ་ཇི་ལྟར་ཕྱིར་འགྱངས་བྱེད་ཐུབ་ན་དེ་ལྟར་ཕྱིར་འགྱངས་བྱེད་པ་དང་དངོས་གནས་བཟོད་མི་ཐུབ་པའི་སྐབས་སུ་ད་གཟོད་སྨན་ཁང་དུ་སོང་ནས་གསོ་བཅོས་བྱེད་ཀྱིན་ཡོད། དེ་ལྟར་བྱས་ན་ནད་རིགས་ཡང་མོ་དེ་ནད་རིགས་ལྕི་མོ་རུ་འགྱུར་བ་དང་གསོ་བཅོས་བྱེད་སླ་བའི་ནད་དེ་གསོ་བཅོས་བྱེད་ཐབས་མེད་པའི་ནད་དུ་འགྱུར་བས། རང་ཉིད་སྡུག་ལ་གཏོད་པར་མ་ཟད་དཔལ་འབྱོར་གྱི་གྱོང་གུད་ཡང་མང་པོ་བཟོ་བ་རེད། དེ་བས་རྒན་པ་རྣམས་ཀྱིས་ནད་ཡོད་པ་ཤེས་ན་སྔ་མོ་ནས་ངོས་འཛིན་དང་གསོ་བཅོས་བྱེད་རྒྱུ་གལ་ཆེ།

གསུམ། བྱིས་བློ་མི་འདོར་བ། ང་ཚོ་ཚང་མས“མི་རྒས་རུང་སེམས་རྒས་མེད”ཅེས་པའི་སྐད་ཆ་ཞིག་གོ་མྱོང་ཡོད་པ་ལྟར། ལོ་ཚོད་རྒས་ནའང་མཚར་སྣང་ཞིག་སྲུང་འཛིན་བྱས་ཏེ། དོན་དག་དང་བྱ་དངོས་གསར་པ་དང་ལེན་ཅི་ཐུབ་བྱས་ཏེ། དུས་རབས་ཀྱི་རླབས་རྒྱུན་ཁྲོད་འདྲེས་པར་འབད་དགོས།

བཞི། ལུས་ཀྱི་ལྕོགས་ཚོད་བྱེད་པ། ན་ཚོད་རྒས་པ་དང་བསྟུན་ནས་ན་ཚོད་ལ་མགོ་སྒུར་བ་དང་རང་བྱུང་ཆོས་ཉིད་དང་བསྟུན་ཏེ། ལུས་ཀྱི་ལྕོགས་ཚོད་བྱེད་དགོས་པ་ལས་སྟོབས་ཤུགས་ཡོད་མདོག་གིས་ལུས་པོར་གནོད་འཚེ་གཏོང་མི་རུང་། །

རྩོམ་སྒྲིག་པ། འབྲུག་མོ།