མཚོ་སྔོན་གྱིས་ཉིས་སྟོང་ཉེར་གསུམ་ལོའི“རྒྱལ་ཡོངས་བདེ་འཇགས་སྨན་སྤྱོད་ཟླ་བའི”བརྗོད་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ།
2023.12.06 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 0

ཉེ་ལམ། མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཟི་ལིང་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་དང་མཚོ་སྔོན་ཞིང་ཆེན་སྨན་རྫས་སློབ་ཚོགས་དང་མཉམ་འབྲེལ་བྱས་ཏེ། “བདེ་འཇགས་ངང་སྨན་སྤྱོད་རྒྱུ་ནི་དམངས་ཀྱི་བདེ་ཐང་གི་ཆེད་ཡིན”ཞེས་པ་བརྗོད་དོན་བྱས་པའི2023ལོའི“རྒྱལ་ཡོངས་བདེ་འཇགས་སྨན་སྤྱོད་ཟླ་བའི”བརྗོད་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ།

བྱེད་སྒོའི་ཁྲོད་ཞིང་ཆེན་ནང་ཁུལ་གྱི་སྨན་པ་གྲགས་ཅན་དང་ཆེད་མཁས་པ།  ནད་ཡམས་ཚོད་འཛིན་གྱི་ཆེད་མཁས་པ། ལས་གཉེར་སྨན་སྦྱོར་པ་བཅས་ཀྱི་འཐུས་ཚབ་པས་ཚན་རིག་དང་མཐུན་པའི་སྒོ་ནས་བོད་སྨན་བཀོལ་སྤྱོད་བྱེད་པ་དང་། རིམས་འགོག་སྨན་ཁབ་ཚད་ལྡན་ངང་སྤྱོད་པ། སྨན་རྫས་བདེ་འཇགས་སྲུང་སྐྱོང་བྱེད་པ་སོགས་ཀྱི་ཐད་ནས་སྒྲོག་འགྲེལ་བྱས་པ་མ་ཟད། 2023ལོའི“སྤྱི་དམངས་ཀྱི་སྨན་སྤྱོད་གསལ་བརྡ་བཅུ”ཞེས་པར་འགྲེལ་བཤད་བྱས།   བྱེད་སྒོའི་ཡུལ་དངོས་སུ་འཕྲེད་བྱང་བཀལ་བ་དང་། དྲིལ་བསྒྲགས་པང་ལེབ་འཇོག་པ། བརྡ་ཁྱབ་དྲིལ་བསྒྲགས་བྱེད་པ། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། མང་ཚོགས་ལ་སྨན་སྤྱོད་ཀྱི་རྒྱུན་ཤེས་དང་། སྨན་སྤྱོད་ནོར་འཁྲུལ།  ཁྱིམ་ཚང་གི་སྨན་གྲབས་གསོག་བྱེད་པ་བཅས་ལ་དོ་སྣང་བྱེད་དགོས་ས་དྲིལ་བསྒྲགས་བྱས་ཏེ། ཚང་མས་བདེ་འཇགས་ངང་སྨན་སྤྱོད་པར་དོ་ཁུར་བྱས་ནས་དམངས་ཡོངས་ཀྱི་བདེ་ཐང་ལ་སྐུལ་འདེད་གཏོང་དགོས་པར་བླང་བྱ་བཏོན།

“རྒྱལ་ཡོངས་བདེ་འཇགས་སྨན་སྤྱོད་ཟླ་བའི”བྱེད་སྒོའི་སྐབས་སུ།  ཞིང་ཆེན་ཡོངས་ཀྱིས“ཁྱིམ་ཚང་གི་སྨན་སྒམ་གཙང་སེལ”བྱེད་པའི་བྱེད་སྒོ་སྤེལ་ཏེ།  དུས་བརྒལ་སྨན་རྫས་གཅིག་སྡུད་ངང་ཕྱིར་བསྡུ་བ་དང་མང་ཚོགས་ཀྱི་ཚུལ་མཐུན་འཛད་སྤྱོད་ལ་མཛུབ་སྟོན་བྱེད་པ། ལུགས་མཐུན་ངང་སྨན་སྤྱོད་པར་མཛུབ་སྟོན་བྱེད་པ།“ཁྱིམ་ཚང་གི་དུས་བརྒལ་སྨན་རྫས་ཕལ་ཆེར་གཙང་སེལ་བྱེད་པ་དང་། དུས་བརྒལ་སྨན་རྫས་ཀྱི་གནོད་འཚེ་ཕལ་ཆེར་གཙང་སེལ་བྱེད་པ་མངོན་འགྱུར་བྱུང་པས།  མང་ཚོགས་ཀྱི་སྨན་རྫས་བདེ་འཇགས་ལ་སྔར་བས་འགན་སྲུང་བྱེད་པའི་དམིགས་འབེན་མངོན་འགྱུར་བྱུང་།   དེ་དང་ཆབས་ཅིག་ད་དུང་བདེ་འཇགས་སྨན་སྤྱོད་ཀྱི་ཚན་རིག་ཁྱབ་གདལ་གྱི་ཤེས་བྱའི་དྲ་ཐོག་གི་འགྲན་བསྡུར་དང་། སྨན་རྫས་ཞིབ་བཤེར་སྤྱི་དམངས་ལ་ཕྱོགས་ནས་སྒོ་འབྱེད་པ།“ལག་གདང་མཉམ་སྦྲེལ་གྱིས་སྨན་རྫས་བདེ་འཇགས་ཀྱི་འགོག་སྲུང་ལྕགས་རི་བཙུགས་པ།  “ཉེ་འགྲམ་གྱི་སྨན་པ་ལེགས་ཤོས་འཚོལ་བ”སོགས་རིམ་སྤེལ་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ཏེ།  སྨན་རྫས་བདེ་འཇགས་ཀྱི་ཤེས་བྱ་རྒྱུན་མཐུད་ངང་ཁྱབ་གདལ་དུ་བཏང་ཞིང་སྤྱི་ཚོགས་ཡོངས་ཀྱིས་བདེ་འཇགས་ངང་སྨན་རྫས་སྤྱོད་པའི་རྣམ་པ་བཟང་པོ་ཞིག་ཆགས་སུ་བཅུག

རྩོམ་སྒྲིག་པ། འབྲུག་མོ།