མཚོ་ནུབ་ཁུལ་གྱིས“མཛུབ་རྩེ་སྨན་བཅོས”ལས་མང་ཚོགས་ལ་སྨན་བཅོས་བྱེད་པར་སྟབས་བདེ་བསྐྲུན།
2024.01.08 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 0

“མཛུབ་མོ་འགུལ་ནས་ལག་ཁྱེར་ཁ་པར་སྟེང་སྔོན་མངགས་ཐོ་འགོད་དང་སྒོ་བསྟེན་གྲོན་སྤྲོད། སྙན་སེང་ཞུ་ཡིག་འདྲི་རྩད་བཅས་བྱེད་ཆོག་པས། ཞོགས་པར་སྔ་མོ་ནས་སྨན་ཁང་དུ་ཡོང་ནས་སྒུག་མི་དགོས”ཞེས་ཉེ་ལམ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཉེ་བའི་ལོ་འགའི་རིང་གི་སྨན་བཅོས་འགྱུར་ལྡོག་སྐོར་གླེང་དུས་གཏེར་ལེན་ཁའི་སྡོད་དམངས་ལྕམ་མོ་ཆི་ཡིས་སེམས་འགུལ་ཐེབས་པའི་ངང་དེ་ལྟར་བཤད།

མཚོ་ནུབ་ཁུལ་གྱིས་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་བརྟེན་ནས་སྨན་བཅོས་ཐོན་ཁུངས་དོ་སྙོམས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། སྨན་བཅོས་ཉམས་ལེན་ཇེ་ལེགས་སུ་གཏོང་བ། “རིག་ནུས་སྨན་བཅོས་ལས་རོགས་པའི”མ་ལག་འཛུགས་པ། གཞི་རིམ་སྨན་པའི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་གཞུང་བཙུགས་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པ་སོགས་ཞིང་ཆེན་ནང་ཁུལ་དུ་སྔོན་ལ“དྲ་རྒྱའི་སྟེང་གི་སྨན་པ”བཀོད་སྒྲིག་བྱས་ཏེ། ཕྱོགས་གཉིས་པོའི་སྨན་བཅོས་གཞན་སྒྱུར་གྱི་ལག་རྩལ་བཀག་རྒྱ་མེད་པར་བཟོས་ནས། ནད་པའི་སྨན་བཅོས་ཆ་འཕྲིན་ཁུལ་མངའ་ཁོངས་སུ་དུས་ཐོག་ཏུ་མཉམ་སྤྱོད་ཐུབ་པ་བཅས་བྱས་ནས་མང་ཚོགས་ལ་སྟབས་བདེ་བསྐྲུན།

མཚོ་ནུབ་ཁུལ་གྱིས་རྒྱལ་ཁབ་ཀྱི“དྲ་སྦྲེལ་དང་སྨན་བཅོས་བདེ་ཐང”གི་སྲིད་ཇུས་བླང་བྱ་དང་དུ་བླངས་ནས། མཚོ་ནུབ་ཁུལ་མི་དམངས་སྨན་ཁང་གི་དངོས་ཚན་སྨན་ཁང་གི་ཞབས་ཞུའི་ནུས་པ་དང་ཆ་འཕྲིན་ཆུ་ཚད་ལ་བརྟེན་ནས་དྲ་སྦྲེལ་གྱི་ནད་བརྟག་སྨན་བཅོས་ཞབས་ཞུར་སྐུལ་འདེད་བཏང་སྟེ། དྲ་སྦྲེལ་སྨན་ཁང་བརྒྱུད་ནད་པའི་སྨན་བཅོས་ཉམས་ལེན་ཇེ་ཟབ་ཏུ་བཏང་བ་དང་། དྲ་ཐོག་གི་སྨན་པ་གྲགས་ཅན་གྱི་སྨན་བཅོས་དང་། གཅོང་ནད་བཅོས་ཐབས། དྲ་ཐོག་དུ་གྲོན་དངུལ་སྤྲོད་པ་བཅས་དྲ་ཐོག་དང་ཡུལ་དངོས་གཞི་གཅིག་ཅན་གྱི་སྨན་བཅོས་བྱེད་སྟངས་གསར་པ་བཏོད་ནས་རིག་ནུས་ཀྱི་སྨན་བཅོས་དང་། རིག་ནུས་ཀྱི་ནད་བརྟག  སྔོན་མངགས་ཐོ་འགོད་དང་རིག་ནུས་ཀྱི་ལུས་པོ་ཞིབ་བཤེར་སོགས་རིག་ནུས་ཀྱི་བརྒྱུད་རིམ་ཞབས་ཞུ་སྤྱད་དེ། རིག་ནུས་ལ་བརྟེན་ནས་སྨན་བཅོས་སྒྱུར་སྤྲོད་ཞབས་ཞུ་དང་ནད་པའི་གཞི་གྲངས་མཉམ་སྤྱོད་བྱེད་པའི་ཉམས་ལེན་གསར་བ་གསར་སྐྲུན་བྱས་པ་བརྒྱུད། དྲ་ཐོག་དང་ཡུལ་དངོས་ཀྱི་སྨན་བཅོས་འགྲོ་རིམ་ཆ་ཚང་བར་བྱས་པ་དང་། མཛུབ་མོའི་སྨན་བཅོས་དངོས་འབེབས་བྱས། མིག་སྔའི་བར་མཚོ་ནུབ་ཁུལ་དྲ་སྦྲེལ་སྨན་ཁང་གིས་ནད་པ་མི་ཐེངས་འབུམ་གཅིག་དང་ཁྲི་དྲུག་སྟོང་བཞི་ཙམ་ལ་ཞབས་འདེགས་ཞུས། །

རྩོམ་སྒྲིག་པ། འབྲུག་མོ།