ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པའི་སྨན་བཅོས་སྒྲིག་གཞི་དང་ཡུལ་ཚོ་དང་གྲོང་འཕྲོད་བསྟེན་ཁང་དུ་ཀྲུང་བོད་ལུགས་གསོ་རིག་གི་སྨན་ཁང་ཡོངས་སུ་ཁེབས་ཡོད་ལ། གྲོང་ཚོའི་འཕྲོད་བསྟེན་ཁང་གིས་ཀྱང་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་ཀྲུང་བོད་ལུགས་གསོ་རིག་གི་ཞབས་ཞུ་མཁོ་འདོན་ཐུབ་ཡོད་པས། ཀྲུང་བོད་ལུགས་གསོ་རིག་གིས་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཡོད་པ་དང་། མང་ཚོགས་ཀྱིས་སྨན་པར་སྟོན་པའི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་རྒྱུན་མཐུད་མཐོར་འདེགས་སུ་བཏང་ཡོད། དེང་ཕྱིན་ང་ཚོས་ད་ལོའི་ཚོགས་ཆེན་གཉིས་ཀྱི་སྲིད་གཞུང་ལས་དོན་སྙན་ཞུའི་ཁྲོད་བཏོན་པའི“ཀྲུང་བོད་ལུགས་གསོ་རིག་བྱ་གཞག་དང་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”ཞེས་པ་གཞིར་བཟུང་ནས། ཁྲི་ཀ་རྫོང་གི་ཀྲུང་བོད་ལུགས་གསོ་རིག་བྱ་གཞག་རྒྱུན་འཛིན་དང་གསར་གཏོད་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་ཞིང་ཆེན་སྲིད་གྲོས་ཨུ་ཡོན་ནམ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཀུན་བཟང་སྒྲོལ་མས་བཤད། །
རྩོམ་སྒྲིག་པ། འབྲུག་མོ།