“ཚོགས་སྒྲིག་རྣམ་པའི”མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པ་ལས་ཡུས་ཧྲུའུ་ཁུལ་གྱི་སྨན་བཅོས་ཆུ་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན།
2024.04.22 ཁུངས། མི་དམངས་དྲ་བ། ཀློག་གྲངས། 0

ཉེ་ལམ། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན། 2022ལོར་ཀྲུང་དབྱང་རྩ་འཛུགས་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་གིས་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་ལས་དོན་རྩ་འཛུགས་བྱས་ཏེ་ལག་བསྟར་བྱས་པ་ནས་བཟུང་། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞིའི་ཞབས་ཞུའི་ནུས་པ་མངོན་གསལ་གྱིས་ཆེ་རུ་ཕྱིན་པ་དང་། སྨན་བཅོས་ཤེས་ལྡན་མི་སྣའི་གྲུབ་ཆ་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན་པ། རོགས་སྐྱོར་དང་ལེན་སྨན་ཁང་སོ་སོའི་ཚན་རིག་དང་མཐུན་པའི་དོ་དམ་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད།

2010ལོར་པེ་ཅིན་དང་ཡུས་ཧྲུའུ་བར་གྱི་ཁ་གཏད་རོགས་སྐྱོར་འཛུགས་སྐྲུན་གྱི་འབྲེལ་བ་བཙུགས་པ་ནས་བཟུང་། པེ་ཅིན་གྲོང་ཁྱེར་གྱིས་འཕྲོད་བསྟེན་བདེ་ཐང་ལས་གཞིའི་མ་དངུལ་སྒོར་དུང་ཕྱུར་གཉིས་ལྷག་བཏང་བ་དང་ལས་གཞི36ལག་བསྟར་བྱས་ཏེ། ཡུས་ཧྲུའུ་ཁུལ་གྱི་སྨྱོ་ནད་ཆེད་ལས་སྨན་ཁང་བཙུགས་ནས་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་དུ་སྨྱོ་ནད་ཆེད་ལས་སྨན་ཁང་མེད་པའི་ལོ་རྒྱུས་མཇུག་རྫོགས། ཡུས་ཧྲུའུ་གྲོང་ཁྱེར་བརྒྱད་གཅིག་སྨན་ཁང་དང་ནང་ཆེན་རྫོང་མི་དམངས་སྨན་ཁང་སོགས་སྨན་ཁང་དུ་བྲང་ཁ་ན་བ་དང་། གཟའ་གྲིབ་དང་རྨས་སྐྱོན། ཉེན་ཁ་ཆེ་བའི་སྦྲུམ་མ་སྐྱོབ་བཅོས། ཉེན་ཁ་ཆེ་བའི་བྱིས་པ་དང་གསར་སྐྱེས་བྱིས་པ་སྐྱོབ་བཅོས།  མྱུར་སྐྱོབ་ལྟེ་གནས་ལྔ”རིམ་བཞིན་བསྐྲུན་ནས་ཁུལ་ཡོངས་ཀྱི་མཆིན་ཚད་ཁ་པ་དང་འདུས་འདྲིལ་གཅོང་ནད། ཐུམ་འབུའི་ནད་སོགས་འགོས་ནད་དང་ས་གནས་ཀྱི་ནད་གཞི་འགོག་བཅོས། དེ་བཞིན་མཐོ་སྒང་གི་ནད་གཞི་དང་འབྲེལ་བ་ཡོད་པའི་ཞིབ་འཇུག་བྱས་ཏེ།  ཕན་འབྲས་ལྡན་པའི་སྒོ་ནས“གནས་སྤར་མི་ཐུབ་པའི་སྨན་བཅོས་རུ་ཁག་གཅིག”འཛུགས་སྐྲུན་བྱེད་པར་རམ་འདེགས་བྱས།

2016ལོ་ནས་ད་བར་དུ་པེ་ཅིན་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་སྔ་གཞུག་ཏུ་ཆེད་ལས་མཁས་པ་ཐེངས8དང་མི131ཕྱོགས་བསྡུས་སྨན་ཁང་སོ་སོ་རུ་མངགས་ནས“དགེ་རྒན་གཅིག་དང་སློབ་མ་གཅིག”“དགེ་རྒན་གཅིག་དང་སློབ་མ་ཁ་ཤས”སོགས་དགེ་རྒན་དང་སློབ་མ་ཆ་སྒྲིག་བྱེད་ཐབས་སྤྱད་དེ།  ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་ལ་སྔ་གཞུག་ཏུ་ལག་རྩལ་རྐང་འཛིན་མི་སྣ101གསོ་སྐྱོང་བྱས་པ་དང་། ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཆེད་ལས་ལག་རྩལ་མི་སྣ་མི་ཐེངས3000གསོ་སྦྱོང་བྱས་པ་དང་ཡུས་ཧྲུའུ་ཁུལ་སྨན་བཅོས་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྲུན་གྱི་རྨང་གཞི་བརྟན་པོར་བཙུགས།

པེ་ཅིན་གྲོང་ཁྱེར་གྱིས་ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་ལ་སྔ་གཞུག་ཏུ་འགོས་ནད་ཚན་ཁག་དང་། རུས་ཚིགས་སྨན་བཅོས་ལྟེ་གནས། ཐུམ་འབུའི་ནད་བརྟག་བཅོས་རྟེན་གཞི། ཉེན་ཁ་ཆེ་བའི་གསར་སྐྱེས་བྱིས་པའི་སྨན་བཅོས་ལྟེ་གནས་སོགས་རིག་ཚན་གསར་པ་བཅུ་བཞི་བཙུགས་པ་དང་། ནད་ཁུལ་གསར་པ་དྲུག་བཙུགས་པ། ལག་རྩལ་གསར་པ་དང་ལས་སྒོ་གསར་པ168སྤེལ་བ་བཅས་བྱས་ནས། གྲོང་ཁྱེར་གཅིག་དང་རྫོང་ལྔ་ཡི་མི་དམངས་སྨན་ཁང་གིས་བསྡོམས་པས་ལག་རྩལ་གསར་པ་དང་ལས་སྒོ་གསར་པ167སྤེལ་བ་དང་། ལས་སྒོ་གསར་པའི་ཐད་ཁུལ་མི་དམངས་སྨན་ཁང་དང་ཁུལ་བོད་སྨན་ཁང་གིས་རིམ་པ་གསུམ་པའི་ཚད་གཞི་གཉིས་པའི་ཞིབ་དཔྱད་བྱས་པ་བརྒྱུད། རྫོང་རིམ་པའི་ཕྱོགས་བསྡུས་སྨན་ཁང་དྲུག་ལ་རིམ་པ་གཉིས་པ་ཁྱབ་ཡོད་པ་དང་།  ཁུལ་ཡོངས་ལ་རྒྱལ་ཁབ་རིམ་པའི་གཙོ་གནད་ཆེད་ལས་ཚན་ཁག་གཅིག་དང་། ཞིང་ཆེན་དང་རྫོང་ཉི་ཤུས་མཉམ་དུ་ཁྱད་ལྡན་ཆེད་ལས་ཚན་ཁག་འཛུགས་སྐྲུན་བྱས་པ། རྫོང་རིམ་པའི་ཉམས་ཞན་ཆེད་ལས་ཚན་ཁག་བཅུ་གཅིག་བཅས་འཛུགས་སྐྲུན་བྱས་ནས་རིམ་པ་སོ་སོའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་མངོན་གསལ་གྱིས་ཆེ་རུ་ཕྱིན་ཡོད།

པེ་ཅིན་གྱི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་མ་དངུལ་དང་ལག་རྩལ་གྱི་རྒྱབ་སྐྱོར་འོག ཡུས་ཧྲུའུ་ཁུལ་སྨན་ཁང་གི་དོ་དམ་མ་ལག་འཐུས་ཚང་དུ་ཕྱིན་པ་དང་། རོགས་སྐྱོར་སྨན་ཁང་སོ་སོའི་སྔ་གཞུག་ཏུ་སྨན་ཁང་འཛུགས་སྐྲུན་དང་དོ་དམ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་ཆེད་ལས་མཁས་ཅན་བཅུ་གཅིག་བདམས་ནས་རོགས་སྐྱོར་བྱ་ཡུལ་སྨན་ཁང་སོ་སོའི་དོ་དམ་བྱ་བའི་འགན་འཁུར་དུ་བཅུག་པ་དང་། རོགས་སྐྱོར་བྱ་ཡུལ་སྨན་ཁང་སོ་སོའི་དོ་དམ་ལམ་ལུགས་ཚད་ལྡན་དུ་གཏོང་བ། དོ་དམ་གྱི་ཕན་ནུས་ཆེ་རུ་གཏོང་བ། དོ་དམ་གྱི་འདུ་ཤེས་ཇེ་ལེགས་སུ་གཏོང་བ། སྒྲིག་སྲོལ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཞབས་ཞུའི་བརྒྱུད་རིམ་ཇེ་ལེགས་སུ་གཏོང་བ་བཅས་བསྡོམས་པས་རྣམ་གྲངས227ལ་རོགས་རམ་བྱས་པ་བརྒྱུད། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་གཞུང་བཙུགས་སྨན་བཅོས་སྒྲིག་གཞིའི་ཕྱོགས་བསྡུས་དོ་དམ་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བར་སྐུལ་འདེད་བཏང་། །

རྩོམ་སྒྲིག་པ། འབྲུག་མོ།