མཚོ་སྔོན་ཞིང་ཆེན་གྱི་དབང་པོ་སྐྱོན་ཅན་བྱ་གཞག་གི་དམིགས་ཚད་སོ་སོ་ཇེ་ལེགས་སུ་གྱུར།
2024.05.14 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 17

ཉེ་ལམ། མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས《མཚོ་སྔོན་ཞིང་ཆེན་གྱི2023ལོའི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་བསྡོམས་རྩིས་སྤྱི་བསྒྲགས》(གཤམ་དུ《སྤྱི་བསྒྲགས》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་པ་དང་། གཞི་གྲངས་ལས་མངོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་དབང་པོ་སྐྱོན་ཅན་བྱ་གཞག་གི་དམིགས་ཚད་སོ་སོ་འཕར་བའི་རྣམ་པ་མངོན་ནས་རྒྱ་ཆེའི་དབང་པོ་སྐྱོན་ཅན་གྱི་ཐོབ་སྣང་དང་བདེ་སྣང་བཅས་མངོན་གསལ་གྱིས་ཆེ་རུ་ཕྱིན་ཡོད། 2023ལོར་ཞིང་ཆེན་ཡོངས་སུ་དབང་པོ་སྐྱོན་ཅན་གྱི་བདེ་ཐང་གསོ་སྐྱོང་སྒྲིག་གཞི་དོན་གཉིས་ཡོད་པ་དང་། དེས་དབང་པོ་སྐྱོན་ཅན་ཁྲི་བཞི་དང་འབུམ་གསུམ་ལྷག་ལ་གཞི་རྩའི་བདེ་ཐང་གསོ་སྐྱོང་ཞབས་ཞུ་མཁོ་འདོན་བྱས་པ་དང་། དབང་པོ་སྐྱོན་ཅན་ཁྲི་གཉིས་དང་སྟོང་གཉིས་དྲུག་བརྒྱ་ཙམ་ལ་གཞི་རྩའི་རམ་འདེགས་ཡོ་བྱད་འཚམ་པའི་ཞབས་ཞུ་ཐོབ་ཡོད།

《སྤྱི་བསྒྲགས》ལས་མངོན་པ་ལྟར་ན། རང་ཞིང་གི་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། ལས་ཞུགས་བསྡུར་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། ལས་ཞུགས་སྤུས་ཚད་རིམ་བཞིན་མཐོ་རུ་ཕྱིན་པ་བཅས2023ལོར་རང་ཞིང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལག་ཁྱེར་ཡོད་པའི་དབང་པོ་སྐྱོན་ཅན་ལས་ཞུགས་མི་གྲངས་ཁྲི་ལྔ་དང་སྟོང་གཅིག་འཕར་ཡོད་པ་དང་། དེའི་ནང་བསྡུར་ཚད་ལྟར་ལས་ཞུགས་མི་གྲངས5008དང་གཅིག་སྡུད་ལས་ཞུགས་མི་གྲངས1444། མི་སྒེར་ལས་ཞུགས་མི་གྲངས2570། སྤྱི་ཕན་རང་བཞིན་གྱི་ལས་གནས་ལས་ཞུགས་མི་གྲངས1659། རམ་འདེགས་རང་བཞིན་གྱི་ལས་ཞུགས་མི་གྲངས1038། སྟབས་བསྟུན་གྱི་ལས་ཞུགས་མི་གྲངས་ཁྲི་གཅིག་དང་སྟོང་ལྔ་བརྒྱ། ཞིང་ལས་འདེབས་གསོ་ལས་སྣོན་མི་གྲངས་ཁྲི་གཉིས་དང་སྟོང་གཅིག་ལྔ་བརྒྱ་བཅས་ཡོད་པ་རེད། ཧུར་ཐག་སྒོས་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་དངོས་སྤྱོད་ལག་རྩལ་གསོ་སྦྱོང་བྱས་པ་དང་དབང་པོ་སྐྱོན་ཅན་མི་ཐེངས2614ལ་གསོ་སྦྱོང་ཐོབ་ཡོད་ལ། ཞིང་ཆེན་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལས་ཞུགས་རོགས་སྐྱོར་རྟེན་གཞི61གིས་བསྡོམས་པས་དབང་པོ་སྐྱོན་ཅན736ལས་ཞུགས་བཀོད་སྒྲིག་བྱས་ནས་དབང་པོ་སྐྱོན་ཅན་ཁྱིམ་ཚང574གྱི་ཡོང་སྒོ་འཕར་བར་སྐུལ་འདེད་བྱས།

སྲིད་ཇུས་དང་བྱེད་ཐབས་རྒྱུན་ཆད་མེད་པར་ཤུགས་སྣོན་བྱས་པ་དང་བསྟུན་ནས། རང་ཞིང་གི་དམིགས་བསལ་སློབ་གསོའི་མ་ལག་ཉིན་རེའི་བཞིན་འཐུས་ཚང་དུ་སོང་ཡོད་པ་དང་། མིག་སྔར་རང་ཞིང་དུ་དམིགས་བསལ་སློབ་གསོའི་མཐོ་རིམ་སློབ་འབྲིང་དཀྱུས་མ(པུའུ་དང་འཛིན་གྲྭ)1ཡོད་པ་དང་། སློབ་གྲྭ་འགྲིམས་པའི་སློབ་མ140དང་། དབང་པོ་སྐྱོན་ཅན་གྱི་འབྲིང་རིམ་ལས་རིགས་སློབ་གྲྭ(འཛིན་གྲྭ)2ཡོད་པ་དང་སློབ་གྲྭ་འགྲིམས་པའི་སློབ་མ122བཅས་ཡོད་ལ། མཐོ་རིམ་སློབ་གསོའི་དུས་མཚམས་སུ་དབང་པོ་སྐྱོན་ཅན་སློབ་མ199བསྡུ་བའི་ནང་རབ་འབྱམས་པའི་ཞིབ་འཇུག་སློབ་མ13དང་། འབུམ་རམས་པའི་ཞིབ་འཇུག་སློབ་མ1ཡོད། སྤྱི་ཚོགས་འགན་སྲུང་ཐད2023ལོའི་ལོ་མཇུག་བར་དབང་པོ་སྐྱོན་ཅན་འབུམ་གཅིག་དང་ཁྲི་གཉིས་སྟོང་གསུམ་ལྔ་བརྒྱ་གྲོང་ཁྱེར་དང་གྲོང་གསེབ་གྲོང་དམངས་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་པ་དང་། དབང་པོ་སྐྱོན་ཅན་ཁྲི་བཞི་དང་སྟོང་དགུ་ལྔ་བརྒྱ་ཙམ་གྱིས་རྒན་གསོའི་མ་དངུལ་ལེན་ཀྱིན་ཡོད་པ་དང་། ལོ་དྲུག་ཅུའི་མན་གྱི་འགན་བཅོལ་ནང་ཞུགས་པའི་དབང་པོ་སྐྱོན་ཅན་ཁྲོད་དབང་པོ་སྐྱོན་ཅན་ཚབས་ཆེན་ཁྲི་གསུམ་དང་སྟོང་བཞི་སུམ་བརྒྱ་དང་། དབང་པོ་སྐྱོན་ཅན་ཚབས་ཆེན་མིན་པའི་ཁྲི་གསུམ་དང་བརྒྱ་ཙམ་ལ་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་སྤྲད་པའི་རོགས་སྐྱོར་ཐོབ་ཡོད། དབང་པོ་སྐྱོན་ཅན་གྱི་མངགས་བཅོལ་ཞབས་ཞུ་བརྟན་བརླིང་ངང་སྐུལ་འདེད་བཏང་ནས་དབང་པོ་སྐྱོན་ཅན་1256གིས་བཅའ་སྡོད་ལམ་ལུགས་དང་ཉིན་མོའི་ལྟ་སྐྱོང་ཞབས་ཞུའི་ལས་ཁུངས་བརྒྱུད་མངགས་བཅོལ་ཞབས་ཞུ་དང་ལེན་བྱས་པ་དང་། དབང་པོ་སྐྱོན་ཅན3642ཀྱིས་ཁྱིམ་སྡོད་ཞབས་ཞུ་དང་ལེན་བྱེད་པར་མངོན་འགྱུང་བྱུང་།

གཞན་ཡང་རང་ཞིང་གི་དབང་པོ་སྐྱོན་ཅན་གྱི་རིག་གནས་ལུས་རྩལ་ཞབས་ཞུའི་ནུས་པ་སྔར་ལས་ཆེ་རུ་ཕྱིན་ཡོད་ལ། རུ་ཁག་རྩ་འཛུགས་བྱས་ན2023ལོའི་རྒྱལ་ཡོངས་དབང་པོ་སྐྱོན་ཅན་གྱི་མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་དང“མཛེས་པའི་ཧང་ཀྲོའུ”ཨེ་ཤེ་ཡའི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་ཀྱི་ཚོད་ལྟའི་འགྲན་བསྡུར་ནང་ཞུགས་ནས་གསེར་གྱི་རྟགས་མ་གཅིག་དང་དངུལ་གྱི་རྟགས་མ་གཅིག ཟངས་ཀྱི་རྟགས་མ་ལྔ་བཅས་ཐོབ་པ་དང་། མིག་མངས་རྣམ་གྲངས་ཀྱི་ལུས་རྩལ་པ་ཧང་ཀྲོའུ་ཡི་སྐབས་བཞི་པའི་ཨེ་ཤེ་ཡའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་ནང་ཞུགས་པར་དངུལ་གྱི་རྟགས་མ་གཉིས་ཐོབ། “བདེ་ཐང་གསོ་སྐྱོང་ལུས་རྩལ་གཅེས་སྐྱོང་བཟོ་འགོད”ལག་བསྟར་བྱས་པ་བརྒྱུད་ནས། དབང་པོ་སྐྱོན་ཅན་གྱི་ལུས་སྦྱོང་ལུས་རྩལ་དང་ཁྱིམ་སྡོད་དབང་པོ་སྐྱོན་ཅན་ལྗིད་མོའི་ལུས་རྩལ་ཞབས་ཞུ་ལ་སྐུལ་འདེད་བཏང་སྟེ། དབང་པོ་སྐྱོན་ཅན་ཁྱིམ་ཚང600ལ་བདེ་ཐང་གསོ་སྦྱོང་ལུས་རྩལ་གཅེས་སྐྱོང་ཁྱིམ་ཚང་ནང་བསྐྱལ་བའི་རྣམ་གྲངས་ལག་བསྟར་བྱས་པ་དང་ལེགས་འགྲུབ་བྱུང་། 

རྩོམ་སྒྲིག་པ། འབྲུག་མོ།