ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་པེ་ཅིན་གནའ་བོའི་ཕོ་བྲང་དངོས་མང་བཤམས་སྟོན་ཁང་བར་གྲོས་ཆོད་བཞག
2024.05.15 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 13

ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་པེ་ཅིན་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་བར་གྲོས་མཐུན་བཞག་ནས་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་གི་འགོག་རྐྱེན་མེད་པའི་ཁོར་ཡུག་འཛུགས་སྐྲུན་ཐུན་མོང་ཐོག་ལེགས་སྒྱུར་དང་།  དབང་བོ་སྐྱོན་ཅན་གྱི་ལྟ་སྐོར་ལམ་ཐིག་ཇུས་འགོད་བྱས་ཏེ་དབང་བོ་སྐྱོན་ཅན་ལ་བརྗོད་བྱ་གཙོ་བོའི་ལྟ་སྐོར་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད། ཕྱོགས་གཉིས་ཀས་ད་དུང་ཕོ་བྲང་དུ་དཔེ་སྐྲུན་བྱས་པའི་ཕུལ་བྱུང་དཔེ་དེབ་རྣམས་ལོང་ཡིག་གི་དཔེ་དེབ་ཏུ་བསྒྱུར་ནས་དབང་བོ་སྐྱོན་ཅན་ལ་དཔེ་ཀློག་གི་ཉམས་ལེན་ཡག་པོ་ཞིག་མཁོ་འདོན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། འབྲུག་མོ།