དལ་བའི་རང་བཞིན་གྱི་མཁལ་མའི་ནད་བྱུང་ཡོད་པའི་ནད་པའི་བདེ་ཐང་ལ་དོ་དམ་བྱེད་ཐབས་སྐོར།
2024.05.27 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 45

དལ་བའི་རང་བཞིན་གྱི་མཁལ་མའི་ནད་དེ་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནང་མིའི་རིགས་ཀྱི་བདེ་ཐང་ལ་གནོད་པ་བཟོ་བའི་སྤྱི་བའི་འཕྲོད་བསྟེན་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད།  དལ་བའི་རང་བཞིན་གྱི་མཁལ་མའི་ནད་བྱུང་ཡོད་པའི་ནད་པར་ནད་བྱུང་བའི་ཐོག་མའི་དུས་སྐབས་སུ་ནད་རྟགས་མེད་པས།  ནད་རྟགས་ངོས་འཛིན་བྱེད་དཀའ་བ་རེད།   དུས་སྐབས་བར་མ་དང་དུས་མཇུག་གི་དལ་བའི་རང་བཞིན་གྱི་མཁལ་མའི་ནད་བྱུང་ཡོད་པའི་ནད་པ་མང་ཆེ་བར་ནད་རྟགས་ངོས་འཛིན་བྱེད་སྐབས་ནད་རིགས་འགོག་བཅོས་ཀྱི་ཆེས་བཟང་བའི་དུས་སྐབས་ལས་འདའ་ཡོད་པ་རེད།  དེ་བས། དལ་བའི་རང་བཞིན་གྱི་མཁལ་མའི་ནད་ཀྱི་ནད་གཞི་ཇེ་སྡུག་ཏུ་འགྲོ་བ་སྔོན་འགོག་དང་བླ་གཉན་སྔོན་འགོག་བྱེད་རྒྱུ་དེ་ཁ་ཚ་དགོས་གཏུག་གི་ལས་དོན་ཞིག་ཏུ་གྱུར་ཡོད།   འོན་ཀྱང་། དལ་བའི་རང་བཞིན་གྱི་མཁལ་མའི་ནད་བྱུང་ཡོད་པའི་ནད་པའི་བདེ་ཐང་ལ་དོ་དམ་བྱེད་པའི་ཐད་དཀའ་ཁག་ཅུང་མང་པོ་ཞིག་ཡོད།

སྔ་མོ་ནས་མཁལ་མའི་ནད་བྱུང་ཡོད་མེད་ཇི་ལྟར་ངོས་འཛིན་བྱེད་དགོས་ཟེར་ན།   དལ་བའི་རང་བཞིན་གྱི་མཁལ་མའི་ནད་བྱུང་ཡོད་པའི་ནད་པ་མང་ཆེ་བར་ནད་བྱུང་བའི་ཐོག་མའི་དུས་སྐབས་སུ་ནད་རྟགས་མེད་པས།   ལུས་ཕུང་ལ་བརྟག་དཔྱད་བྱེད་རྒྱུ་དེ་དལ་བའི་རང་བཞིན་གྱི་མཁལ་མའི་ནད་ངོས་འཛིན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད།

ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུ།  དྲེག་ནད།   མཁལ་དུག་རང་བཞིན་གྱི་སྨན་རྫས་བསྟེན་པ་སོགས་ནི་དལ་བའི་རང་བཞིན་གྱི་མཁལ་མའི་ནད་བྱུང་བའི་རྒྱུ་རྐྱེན་གཙོ་བོ་རེད།   གོང་གི་ནད་རྟགས་དེ་དག་ཡོད་པའི་མི་ཚོགས་ཀྱིས་ལོ་ཕྱེད་ནས་ལོ་གཅིག་གི་རིང་ལ་མཁལ་མའི་ནད་དང་འབྲེལ་བའི་ཞིབ་བཤེར་ཐེངས་གཅིག་བྱེད་འོས།  དཔེར་ན།  དྲི་ཆུ་དང་མཁལ་མའི་སྒྲ་བརྒལ་སོགས་ལ་ཞིབ་བཤེར་བྱེད་འོས།

དལ་བའི་རང་བཞིན་གྱི་མཁལ་མའི་ནད་ཀྱི་ནད་རྟགས་མེད་པའི་མི་དར་མས་ཀྱང་དུས་ལྟར་ལུས་ཕུང་བརྟག་དཔྱད་བྱེད་རྒྱུ་ཤིན་ཏུ་གལ་ཆེ།   གལ་ཏེ་ཐོག་མའི་ལུས་ཕུང་བརྟག་དཔྱད་སྐབས་སུ་མཁལ་མའི་ནད་མེད་ཚེ།   ལོ་གཅིག་ནས་ལོ་གཉིས་ཀྱི་ནང་མཁལ་མའི་ནད་དང་འབྲེལ་ཡོད་ཀྱི་བརྟག་དཔྱད་བྱས་ན་ཆོག   དལ་བའི་རང་བཞིན་གྱི་མཁལ་མའི་ནད་ཀྱི་ནད་རྟགས་ཡོད་པའི་ནད་པས་དུས་ཐོག་ཏུ་ནད་བརྟག་སྨན་བཅོས་བྱེད་དགོས། དཔེར་ན།  ཁྲག་ཤེད་མཐོ་བ་དང་དྲི་ཆུ་ཇེ་ཉུང་དུ་འགྲོ་བ་སོགས་ཀྱི་ནད་རྟགས་ཡོད་ཚེ། དུས་ལྟར་ནད་བརྟག་སྨན་བཅོས་བྱེད་དགོས།

དལ་བའི་རང་བཞིན་གྱི་མཁལ་མའི་ནད་བྱུང་ཡོད་པའི་ནད་པས་བདེ་ཐང་ལ་དོ་དམ་ལེགས་པོ་བྱས་ཏེ་ནད་ཀྱི་གནས་ཚུལ་ཇེ་སྡུག་ཏུ་འགྲོ་ཚད་ཇེ་དལ་དུ་བཏང་ཆོག་པར་མ་ཟད།   བླ་གཉན་ཇེ་ཉུང་དང་འཚོ་བའི་སྤུས་ཚད་ཇེ་མཐོར་བཏང་ཆོག

དེས་ན། དལ་བའི་རང་བཞིན་གྱི་མཁལ་མའི་ནད་བྱུང་ཡོད་པའི་ནད་པས།  རང་གི་བདེ་ཐང་ལ་ཇི་ལྟར་དོ་དམ་བྱེད་དགོས་ཟེར་ན།

གཅིག ཟས་སྤྱོད་ལ་དོ་དམ་ལེགས་པོ་བྱེད་དགོས།

དལ་བའི་རང་བཞིན་གྱི་མཁལ་མའི་ནད་བྱུང་ཡོད་པའི་ནད་པས་ནཱ་དང་སྤྲི་དཀར་རྫས།  ཅཱ་སོགས་ཉུང་བའི་རིགས་ཀྱི་ཁ་ཟས་བསྟེན་དགོས།   ཉིན་རེའི་ཚྭ་བསྡུ་ལེན་བྱེད་ཚད་ཁེ་ལྔ་ལས་ཉུང་དགོས།  དེ་མིན།  སྲོིག་ཆགས་ཀྱི་ནང་ཁྲོལ་དང་མཚོ་ཟས་ཀྱི་རིགས།  སྦི་རག་བཅས་ཉུང་བསྟེན་བྱས་ན་བཟང་།

མཁལ་མའི་ནུས་པ་ཞན་པའི་ནད་པ་དང་ཁྲག་ཤེད་ཇེ་དམར་གཏོང་བའི་སྨན་རྫས་ཀྱི་རིགས་བསྟེན་པའི་ནད་པས་ཅཱ་ཡི་འདུས་ཚད་དམའ་བའི་ཟད་རིགས་བསྟེན་དགོས།   ཚ་ལུ་མ་དང་ངང་ལག་སོགས་ཅཱ་ཡི་འདུས་ཚད་མཐོ་བའི་ཟས་རིགས་བསྟེན་མི་རུང་།

གཉིས། ཐ་མག་ཉུང་དུ་འཐེན་དགོས།

ཐ་མག་འཐེན་ན་ཚོར་འགྲིམ་དབང་རྩའི་མ་ལག་ལ་གནོད་པ་བཟོ་སྲིད་པར་མ་ཟད།  ཁྲག་ཤེད་མཐོ་བ་དང་དལ་བའི་རང་བཞིན་གྱི་མཁལ་མའི་ནད་ཀྱི་གནས་ཚུལ་ཇེ་སྡུག་ཏུ་གཏོང་སྲིད་པས།   དལ་བའི་རང་བཞིན་གྱི་མཁལ་མའི་ནད་བྱུང་ཡོད་པའི་ནད་པས་ཐ་མག་མ་འཐེན་ན་བཟང་།

གསུམ། མཁལ་མར་གནོད་པའི་སྨན་བསྟེན་མི་རུང་།

དལ་བའི་རང་བཞིན་གྱི་མཁལ་མའི་ནད་བྱུང་ཡོད་པའི་ནད་པས་ཆིན་ཏ་མའེ་སུའུ(庆大霉素)སོགས་མཁལ་མར་གནོད་པའི་སྨན་རྫས་ཀྱི་རིགས་བསྟེན་མི་རུང་།

བཞི། ཁྲག་ཤེད་ལ་ཚོད་འཛིན་བྱེད་དགོས།

ཁྲག་ཤེད་ལ་ཚོད་འཛིན་བཟང་བོ་བྱས་ན་དལ་བའི་རང་བཞིན་གྱི་མཁལ་མའི་ནད་ཇེ་སྡུག་ཏུ་འགྲོ་ཚད་ཇེ་དལ་དུ་གཏོང་ཐུབ་པར་མ་ཟད།   དེ་འབྲེལ་གྱི་སྙིང་དང་ཁྲག་རྩའི་ནད་འབྱུང་ཚད་ཇེ་ཉུང་དུ་གཏོང་ཐུབ།

ལྔ། ནད་རིགས་གཞན་པར་སྨན་བཅོས་ལེགས་པོ་བྱེད་དགོས།

གཅིན་སྙི་ཟ་ཁུ་དང་སྐྱི་གཤིས་མཁལ་ནད་སོགས་ནད་རིགས་ལ་ཚད་ལྡན་སྒོས་སྨན་བཅོས་བྱས་ཚེ།   ནད་ཇེ་སྡུག་ཏུ་འགྲོ་ཚད་མངོན་གསལ་གྱིས་ཇེ་དལ་དུ་གཏོང་ཐུབ།    སྐྱི་གཤིས་མཁལ་ནད་བྱུང་ཡོད་པའི་ནད་པ་སོགས་ནད་པ་ཁ་ཤས་ལ་སྨན་བཅོས་བཟང་བོ་བྱས་ཚེ་དྲག་སྐྱེད་འབྱུང་ཐུབ་པ་ཡིན།

དྲུག   སྤྲིར་གཅིན་གྱི་ཆུ་ཚད་ཇེ་དམར་གཏོང་དགོས།

སྤྲིར་གཅིན་ནི་དལ་བའི་རང་བཞིན་གྱི་མཁལ་ནད་ཀྱི་རྒྱུན་ལྡན་གྱི་ནད་རྟགས་ཤིག་ཡིན་ལ།   མཁལ་ནད་ཇེ་སྡུག་ཏུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཡིན།   དེ་བས། སྤྲིར་གཅིན་གྱི་ཆུ་ཚད་ཇེ་དམར་གཏོང་བ་དང་དེ་ཡུན་རིང་ལ་སྲུང་འཛིན་བྱ་རྒྱུ་དེ་དལ་བའི་རང་བཞིན་གྱི་མཁལ་ནད་ཚོད་འཛིན་བྱེད་པ་སོགས་ཀྱི་ཐད་ཕན་ཐོགས་ཆེན་པོ་ལྡན།

དལ་བའི་རང་བཞིན་གྱི་མཁལ་ནད་བྱུང་ཡོད་པའི་ནད་པས་ཅཱ་མཐོ་བའི་ཁྲག་ནད་སོགས་དལ་བའི་རང་བཞིན་གྱི་མཁལ་མའི་ནད་དང་འབྲེལ་བའི་ནད་རིགས་གཞན་པར་ཡང་ཚད་ལྡན་སྒོས་སྨན་བཅོས་བཟང་བོ་བྱེད་དགོས།

གོང་གི་ཤེས་བྱ་འདི<<མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང>>གིས་འདོན་སྤྲོད་བྱས་པ་ཡིན།

ལྷ་མོ་ཚེ་རིང་གིས་བསྒྱུར།