ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་བུད་མེད་ལས་བཟོ་པའི་སེམས་ཁམས་བདེ་ཐང་ཤེས་བྱའི་འཆད་ཁྲིད་བྱས།
2024.06.25 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 14

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་བུད་མེད་ལས་བཟོ་པའི་སེམས་ཁམས་བདེ་ཐང་ཤེས་བྱའི་འཆད་ཁྲིད་བྱས་པ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་ཁུངས་ནས་ཡོང་བའི་བུད་མེད་ལས་བཟོ་པའི་འཐུས་མི270ལྷག་གིས་འཆད་ཁྲིད་ལ་ཉན།

འཆད་ཁྲིད་སྟེང“སེམས་ཁམས་བཟང་པོ་ཡོད་པ་དང་སེམས་གཏིང་ནས་འབྲེལ་འདྲིས་བྱེད་པ”ཞེས་པ་བརྗོད་དོན་གཙོ་བོར་བཟུང་ནས། བུད་མེད་ལས་བཟོ་པའི་མིག་སྔའི་སེམས་ཁམས་གནོན་ཤུགས་ཀྱི་གནས་ཚུལ་ལ་དབྱེ་ཞིབ་དང་། རྒྱུན་མཐོང་གི་གནོན་ཤུགས་ཀྱི་རྒྱུ་རྐྱེན་དང་གནས་ཚུལ་རྒྱས་བཤད་བྱས་ནས། བུད་མེད་ལ་རང་ཉིད་ཀྱི་ནུས་པ་རྒྱུན་མཐུད་ངང་སྔོག་འདོན་དང་། རང་ཉིད་ཀྱི་ཁྱད་ཆོས་མངོན་པར་སྐུལ་མ་བཏང་།

ཐེངས་འདིར་སེམས་ཁམས་བདེ་ཐང་ཤེས་བྱའི་ཆེད་དོན་འཆད་ཁྲིད་བྱས་ནས། བུད་མེད་ལས་བཟོ་པའི་ལུས་སེམས་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། བུད་མེད་ལས་བཟོ་པའི་བདེ་སྣང་ཆེ་རུ་བཏང་།།

རྩོམ་སྒྲིག་པ། འབྲུག་མོ།