མཚོ་སྔོན་ཞིང་ཆེན་གྱི་ལས་བཟོ་པའི་བདེ་ཐང་ཞབས་ཞུའི་ས་ཚིགས་ཐོག་མ་དེ་བེད་སྤྱོད་བྱེད་མགོ་བརྩམས།
2024.07.02 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 24

ཉེ་ལམ།  ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མཁར་ཤར་ཁུལ་ཨན་ཧང་སྤྱི་ཚོགས་ལས་དོན་ཞབས་ཞུ་ལྟེ་གནས་དང་མཉམ་འབྲེལ་བྱས་ཏེ། ཐུན་མོང་སྒོས་བཙུགས་པའི་མཚོ་སྔོན་ཞིང་ཆེན་གྱི་ལས་བཟོ་པའི་བདེ་ཐང་ཞབས་ཞུའི་ས་ཚིགས་ཐོག་མ་དེ་དངོས་སུ་བེད་སྤྱོད་བྱེད་མགོ་ཚུགས།

མཁར་ཤར་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས“ཁྱིམ་ཚང་ལྟ་བའི་ཚོར་སྣང”ལ་བརྟེན་ནས་ལས་བཟོ་པའི་བདེ་ཐང་ཞབས་ཞུའི་ས་ཚིགས་བསྐྲུན་ནས། ལས་བཟོ་པར་མེ་བཙའ་དང་མེ་བུམ་རྒྱག་པ། འཕུར་མཉེད། ཀྲུང་བོད་ལུགས་སྨན་བཅོས་སོགས་ཀྱི་ཉམས་ལེན་ཞབས་ཞུ་མཁོ་འདོན་བྱས་ཏེ། རྒྱུན་རྣམ་ཅན་གྱི་བདེ་ཐང་ཚན་རིག་ཁྱབ་གདལ་དང་། མྱུར་སྐྱོབ་ཤེས་བྱའི་འཆད་ཁྲིད། སེམས་ཁམས་བདེ་ཐང་སོགས་ཀྱི་བྱེད་སྒོ་སྤེལ་ནས། ལས་བཟོ་པའི་མི་སྒེར་གྱི་བདེ་ཐང་ཡིག་ཚགས་བཟོས་པ་དང་ལས་བཟོ་པའི་བདེ་ཐང་གནས་ཚུལ་ལ་དུས་ཐོག་ཏུ་རྗེས་སྙེག་བྱས་ཏེ། རྒྱ་ཆེའི་ལས་བཟོ་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མཐོར་འདེགས་སུ་བཏང་།

                                                                                                                   རྩོམ་སྒྲིག་པ། ལྷ་མོ་ཚེ་རིང།