མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ཁུལ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་ཀྱི་དུས་སྐབས་དང་པོའི་འཛུགས་སྐྲུན་ལས་གཞིར་འཕེལ་རྒྱས་གསར་པ་བྱུང་།
2024.08.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཉེ་ལམ།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན།  མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ཁུལ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་ཀྱི་དུས་སྐབས་དང་པོའི་འཛུགས་སྐྲུན་ལས་གཞི་དེ་གྲུབ་ཚུལ་གཙོ་བོ་འཛུགས་སྐྲུན་བྱེད་པའི་དུས་རིམ་ལ་སླེབས་ཡོད།

མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ཁུལ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་ཀྱི་དུས་སྐབས་དང་པོའི་འཛུགས་སྐྲུན་ལས་གཞི་ནི་ཁུལ་ཁོངས་ཀྱི་སྨན་བཅོས་ལག་རྩལ་ཆུ་ཚད་མཐོར་འདེགས་གཏོང་བ་དང་ནད་པས་ནད་སྟོན་དཀའ་བའི་གནད་དོན་ཐག་གཅོད་པ།   ནད་པ་རྣམས་ཞིང་ཆེན་ཕྱི་རུ་ནད་སྟོན་པར་འགྲོ་བའི་ཚད་ཇེ་དམར་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ལས་གཞི་དེ་ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་།  དུས་ཡུན་ཟླ་བཞིའི་འཛུགས་སྐྲུན་གོ་རིམ་བརྒྱུད་དེ་ད་ལྟ་གྲུབ་ཚུལ་གཙོ་བོ་འཛུགས་སྐྲུན་བྱེད་པའི་དུས་རིམ་ལ་སླེབས་ཡོད།

མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ཁུལ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་ཀྱི་དུས་སྐབས་དང་པོའི་འཛུགས་སྐྲུན་ལས་གཞི་དེ་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུའུ་རྨ་ཙོང་ཁུལ་གསར་དུ་གནས་པ་དང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ཁྲི་བརྒྱད་དང་སྟོང་ལྔ་ཡོད།   ལས་གཞིའི་འཛུགས་སྐྲུན་ཡོངས་འགྲུབ་བྱས་རྗེས།    སྨན་བཅོས་དང་སློབ་ཁྲིད།  གསོ་རིག་ཚན་ཞིབ་བཅས་བྱེད་ནུས་གཙོ་བོ་ཡིན་པ་དང་།    རྒྱང་བསྟེན་ཚོགས་དཔྱད་སློབ་ཁྲིད་དང་ནད་ཐོག་རྩལ་ནུས་གསོ་སྦྱོང་།   ཁམས་གསོའི་གསོ་རིག   འཇོན་མི་གསོ་སྐྱོང་རྟེན་གཞི།   སྨན་བཅོས་གཞི་གྲངས་ཆེན་མོ་སོགས་ཁྱབ་ཁོངས་ལ་ཁེབས་པའི་དེང་རབས་ཅན་གྱི་ཕྱོགས་བསྡུས་ཀྲུང་ལུགས་གསོ་རིག་ཁུལ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་ཤིག་ཡིན་པ་དང་།   རྒྱ་ཆེའི་མི་དམངས་མང་ཚོགས་ལ་སྤུས་ལེགས་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་ངེས།

ལྷ་མོ་ཚེ་རིང་གིས་བསྒྱུར།