ཞོགས་པར་མལ་ལས་ལངས་དུས། མིའི་ལུས་སྟེང་གི་དབང་བོ་སོ་སོ་གཉིད་ལས་སད་པའི་སྐབས་ཡིན་པས། ཁྲག་གི་འཁོར་རྒྱུག་ཅུང་དལ། སྐབས་དེར་མགོ་བཀྲུས་ན་མགོ་བོའི་ཁྲག་གི་འཁོར་རྒྱུག་ཇེ་མགྱོགས་སུ་བཏང་ནས། ཁྲག་ཤེད་གཡོ་འགུལ་བྱུང་བ་དང་མགོ་ཡུ་འཁོར་བ། མགོ་ན་བ་སོགས་ཀྱི་སྣང་ཚུལ་མི་ལེགས་པ་འབྱུང་སྲིད། ལྷག་པར་དུ་ཁྲག་ཤེད་མཐོ་བ་དང་སྙིང་ནད་ཕོག་པའི་ནད་པ། ལོ་ན་རྒས་ཤིང་ལུས་སྟོབས་ཞན་པ་སོགས་ཀྱིས་རབ་ཡིན་ན་ཞོགས་པར་མགོ་མ་བཀྲུས་ན་བཟང་།
ཞོགས་པ་ལས་གཞན། ཕོ་བ་རྒྱགས་དྲགས་པའི་སྐབས་སུའང་མྱུར་མོར་མགོ་བཀྲུ་མི་རུང་། རྒྱགས་ཆེ་བའི་སྐབས་སུ། ལུས་སྟེང་གི་ཁྲག་མང་པོ་འཇུ་བྱེད་མ་ལག་ཏུ་ཁྱབ་ཡོད་པ་དང་། སྐབས་འདིར་མགོ་བཀྲུས་ན་ཁྲག་མགོ་བོར་བརྒྱུགས་ནས་ཟས་མི་འཇུ་བའི་སྣང་ཚུལ་འབྱུང་བ་རེད།
ཕོ་བ་ལྟོགས་པའི་སྐབས་སུ་ཁྲུས་བྱེད་མི་རུང་། ཕོ་བ་ལྟོགས་པའི་སྐབས་སུ་ཁྲུས་བྱས་ན་ལུས་སྟེང་གི་ནུས་ཚད་ཟད་གྲོན་བྱུང་ནས། མགོ་ཡུ་འཁོར་བ་དང་སེམས་འཚབ་པ། སྐྱུག་མེར་ལངས་པ་སོགས་ཁྲག་ཧྭགས་དམའ་བའི་ནད་རྟགས་མངོན་སྲིད། དེའི་རྐྱེན་གྱིས་གཅིན་སྙི་ཟ་ཁུའི་ནད་དང་ཁྲག་ཤེད་མཐོ་བ། ཀླད་སྙིང་ཁྲག་རྩའི་ནད་ཕོག་མཁན་གྱིས་ཕོ་བ་ལྟོགས་པའི་སྐབས་སུ་ཁྲུས་བྱེད་མི་རུང་།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།