མིག་ནད་སྐྱ་རིབ་ནི་མིག་ལོང་བ་ཆགས་ཚད་ཆེ་ཤོས་ཀྱི་ནད་ཅིག་ཡིན་ལ། མི་མང་པོ་ཞིག་གིས་ནད་དེ་སྔོན་འགོག་བྱེད་དཀའ་བར་བསམ་བཞིན་ཡོད། དོན་གྱིས་དེའི་ནད་ཀྱི་གནས་ཚུལ་ལ་བརྟགས་ན། སྐྱ་རིབ་མང་ཤས་ལ་སྔོན་འགོག་གི་ཐབས་ཡོད་པས། འདིར་ཀུན་ལ་སྐྱ་རིབ་མི་འདྲ་བའི་སྔོན་འགོག་བྱེད་ཐབས་འགའ་ངོ་སྤྲོད་རགས་ཙམ་བྱེད།
ལྷན་སྐྱེས་ཀྱི་སྐྱ་རིབ། མངལ་སྦྲུམ་དུས་ཀྱི་ཐོག་མའི་ཟླ་གསུམ་ནི་བྱིས་པ་ལ་མིག་གྲུབ་པའི་དུས་ཡིན། དེའི་རིང་ལ། སྦྲུམ་མས་ཆམ་པ་དང་ཚ་རྒྱག་པ། ཟྭ་འབྲུམ་སོགས་འབྱུང་བར་སྔོན་འགོག་གང་ནུས་བྱེད་དགོས་ཏེ། ནད་དུག་གིས་བྱིས་པའི་མིག་ལ་ཐེབས་པའི་གནོད་པའང་དེ་ལས་འབྱུང་བ་ཡིན། དེ་དག་སྔོན་འགོག་བྱས་ན་ལྷན་སྐྱེས་ཀྱི་སྐྱ་རིབ་འབྱུང་ཚད་ཆེས་ཆེར་ཇེ་ཉུང་དུ་གཏོང་ཐུབ།
བླ་གཉན་བསྡོངས་པའི་སྐྱ་རིབ། འདིར་སྐྱ་རིབ་དང་འབྲེལ་བ་ཡོད་པའི་མིག་ནད་གཞན་དང། དེ་མིན་གཅིན་སྙི་ཟ་ཁུ་དང་ཨོལ་གོང་གཤེར་རྨེན་གྱི་ནུས་པ་ཉམས་པ། མིག་ནད་ལྗང་འགྲིབ་སོགས་ལྟ་བུའི་ནད་སྔོན་འགོག་བྱེད་རྒྱུ་ནི་གཙོ་བོ་ཡིན།
བྱིས་པ་རྣམས་ལ་ལྕགས་རིགས་ཀྱི་དངོས་པོ་རྩེད་ཆས་སུ་བྱེད་མི་རུང་བའི་སློབ་གསོ་གཏོང་དགོས་ལ། ཁེ་གྲི་སོགས་བྱིས་པས་མི་རྙེད་སའམ་མི་རེག་པའི་གནས་སུ་འཇོག་དགོས། མིག་ལ་གནོད་འཚེ་གཏོང་ཉེན་ཡོད་པའི་རྩེད་ཆས་ཀྱི་རིགས་དང་ཤོག་སྦག་སོགས་བྱིས་པར་རྩེ་རུ་འཇུག་མི་རུང་། ལྕགས་ཚ་ལ་བྱེད་པའི་བཟོ་པས་མིག་སྲུང་མིག་ཤེལ་གྱོན་དགོས།
རྒན་པའི་སྐྱ་རིབ། རྒན་པའི་སྐྱ་རིབ་སློང་བྱེད་ཀྱི་རྒྱུ་རྐྱེན་རྙོག་འཛིང་ཆེ་ལ། ནད་གཞི་བསྐྱེད་ལུགས་ཀྱང་གསལ་བོ་མིན། མི་ཕལ་ཆེ་བས་མིག་གི་ཤེལ་གཟུགས་རྒས་པར་གྱུར་བ་དང་བསྟུན་ནས་བྱུང་བར་འདོད། གང་ལྟར་རྒན་པའི་སྐྱ་རིབ་སྔོན་འགོག་བྱེད་དཀའ་ཡང་། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ནས་ངལ་གསོ་དང་ཁམས་གསེང་འོས་འཚམ་བསྟེན་ཤེས་ན། ནད་དེ་མི་འབྱུང་བར་ཕན་ཐོགས་པ་ཡིན། ཀྲུང་ལུགས་གསོ་རིག་གི་ངོས་ནས་བཤད་ན། རྒན་པའི་སྐྱ་རིབ་ནི་ཆུ་ཡི་ཁམས་ཟད་པར་འབྲེལ་བ་ཡོད་ལ། ཆུ་ཡི་ཁམས་ཟད་པས་ཤེལ་གཟུགས་ལ་འཚོ་བཅུད་ཀྱིས་མ་འདང་བར་རྙོག་པར་གྱུར་པ་རེད། དེ་བཞིན་སྔོན་འགོག་བྱེད་ཐབས་ལའང་སྣུམ་བཙོས་དང་སྲེག་ཟས་སོགས་རླུང་དང་མེ་རྒྱས་པར་བྱེད་པའི་ཟས་རིགས་ཉུང་བཟའ་བྱས་ནས། སྔོ་ཚལ་དང་སིལ་ཏོག འཚོ་བྱེད་རྒྱུCདངEའདུ་བའི་ཟས་རིགས་མང་དུ་བཟའ་དགོས། ཉི་འོད་ཤིན་ཏུ་ཚ་དུས་སྨིག་འོད་འགོག་བྱེད་ཀྱི་མིག་ཤེལ་གྱོན་དགོས། ཤེལ་གཟུགས་རྙོག་པར་གྱུར་པ་སྔ་མོ་ནས་ཚོར་ན། སྨན་པའི་ངག་བཞིན་སྨན་རྫས་ལ་བསྟེན་ནས་གསོ་བཅོས་བྱེད་དགོས།
དུག་ལས་བསྐྱེད་པའི་སྐྱ་རིབ། སྨནརྫས་ལ་ལ་ཞིག་དུས་ཡུན་རིང་པོར་བསྟེན་མི་རུང་སྟེ། དཔེར་ན་ལུས་ཀྱི་ཆ་ཤས་ལ་ཆེད་དུ་སྤྱོད་པའི་པགས་རྫས་སྐུལ་རྩི་མངར་མོ་ལྟ་བུ། སྨན་རྫས་དེའི་རིགས་བསྟེན་དུས་མིག་ལ་ཞིབ་ཏུ་བརྟག་དགོས། གལ་ཏེ་ཤེལ་གཟུགས་རྙོག་པར་གྱུར་ཚེ། མྱུར་དུ་བསྟེན་མཚམས་འཇོག་དགོས་པར་མ་ཟད་འབྲེལ་ཡོད་གསོ་བཅོས་བསྟེན་དགོས། གཞན་ད་རུང་རྫས་འགྱུར་དངོས་རྫས་དངུལ་ཆུ་ལྟ་བུ་སོགས་ལ་རེག་ཐུག་བྱུང་བའི་ཚེ་ནའང་དུག་ལས་བྱུང་བའི་སྐྱ་རིབ་འབྱུང་སྲིད་པས་དེ་ལ་གཡོལ་ཐབས་བྱེད་དགོས།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།