ཟ་མ་ཇི་ལྟར་ཟོས་ན་བྱིས་པའི་གཟུགས་སྐྱེ་བར་ཕན་ནམ།
2024.10.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 13

ཟས་རིགས་གང་དག་ཟོས་ན་བྱིས་པ་དང་ན་གཞོན་དག་གི་གཟུགས་སྐྱེ་བར་ཕན་ནམ་ཞེ་ན། ང་ཚོས་གཤམ་གྱི་ཕྱོགས་འདི་དག་ནས་ཤུགས་བརྒྱབ་ཆོག

གཅིག སྤུས་ལེགས་སྤྲི་དཀར་མེད་མི་རུང་།སྲོག་ཆགས་ཀྱི་ལུས་ནས་ཐོན་པའི་ཟས་རིགས་དང་སྲན་ཆེན། དེ་དག་གིས་བཟོས་པའི་ཟས་རིགས་ཁྲོད་ཀྱི་སྤྲི་དཀར་རྒྱུ་ནི་མིའི་ལུས་པོས་བསྡུ་ལེན་བྱེད་སླ་བར་མ་ཟད། འཚོ་བཅུད་རིན་ཐང་ཡང་གཞན་ལས་མཐོ་བས། ཉ་ཤ་དང་བྱ་ཤ སྒོ་ང་། ཤ་སྣག འོ་མ་དང་འོ་བཟོས་བཟའ་བཅའ། སྲན་ཆེན་གྱིས་བཟོས་པའི་ཟས་རིགས་ཏེ་སྲན་ཐུད་དང་སྲན་ཤུན་སོགས་སྔོན་ལ་གདམ་འོས།

གཉིས། ཀལ་ཁ་གསབ་བྱེད་རྒྱུ་གལ་ཆེ།ང་ཚོའི་ཉིན་རྒྱུན་གྱི་བཟའ་བཏུང་ཁྲོད་ཀལ་གྱི་འབྱུང་ཁུངས་གཙོ་བོ་ནི་འོ་མ་དང་འོ་བཟོས་བཟའ་བཅའ། སྲན་བཟོས་བཟའ་བཅའ་སོགས་ཡིན་ལ། དེ་དག་ཁྲོད་ཀལ་འདུས་ཚད་ཧ་ཅང་ཕུན་སུམ་ཚོགས་པར་མ་ཟད། མི་ལུས་ཀྱིས་བསྡུ་ལེན་དང་བེད་སྤྱོད་ཀྱང་བྱེད་སླ་བས་ཀལ་ཁ་གསབ་བྱེད་པ་ལ་འོ་མ་དང་འོ་བཟོས་བཟའ་བཅའ་ནི་ཐོག་མའི་གདམ་བྱ་ཡིན།

གསུམ། འཚོ་རྒྱུDཡང་མཁོ་གལ་ཆེ། མིའི་ལུས་པོའི་འཚོ་རྒྱུDཡི10%ཙམ་བཟའ་བཅའ་ལས་ལེན་བཞིན་ཡོད་པ་ཕུད། གཞན་པའི90%ནི་སྐྱི་པགས་ཐོག་ཏུ་སྨུག་ཕྱིའི་འོད་ཕོག་རྗེས་རང་འགུལ་ངང་འདྲེས་སྦྱོར་བྱེད་པ་རེད། གལ་ཏེ་བྱིས་པ་ཕྱི་རོལ་དུ་འགུལ་སྐྱོད་བྱེད་པའི་དུས་ཚོད་འདང་ངེས་མེད་པ་དང་ཉི་འོད་ཕོག་ཚད་ཅུང་ཉུང་སྐབས། སྔར་བཞིན་བཟའ་བཅའ་ལ་བརྟེན་ནས་འཚོ་རྒྱུDཁ་གསབ་བྱ་དགོས། བཟའ་བཅའི་ཁྲོད་ཀྱི་འཚོ་རྒྱུDནི་གཙོ་བོ་ཉ་རིགས་དང་སྲོག་ཆགས་ཀྱི་མཆིན་པ། སྒོང་སྤྲི་སེར་པོ་སོགས་ཀྱི་ཁྲོད་ནས་ཡོང་བ་ཡིན་ལ། འདུས་ཚད་ལ་ཧ་ཅང་ཚད་ཡོད་པས། བྱིས་པ་དང་ན་གཞོན་རྣམས་ཀྱིས་བཟའ་བཅའ་འདི་དག་མང་ཙམ་བཟའ་དགོས།

རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།