ཉེ་ལམ། མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། གཞི་རིམ་གྱི་སྨན་རྫས་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་ཆེད། ཞིང་ཆེན་ཡོངས་ཀྱི་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་གཞི་རིམ་གྱི་སྨན་རྫས་བདེ་འཇགས་མཐུན་སྦྱོར་མི་སྣ་དང་ཆ་འཕྲིན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་རྒྱུན་ཆད་མེད་པར་ཇེ་བརྟན་ཏུ་བཏང་སྟེ་ཆ་འཕྲིན་ཅན་གྱི་བྱེད་ཐབས་དང་གཞི་རིམ་སྨན་རྫས་བདེ་འཇགས་བཅོས་སྐྱོང་གཉིས་མཉམ་བསྲེས་ཟབ་མོ་བྱེད་པར་སྐུལ་འདེད་བཏང་བ་དང་། ལྟ་སྐུལ་དོ་དམ་བྱེད་རྒྱ་ཆེ་རུ་གཏོང་བ་དང་ལྟ་སྐུལ་དོ་དམ་དྲ་རྒྱ་འཐུས་ཚང་དུ་བཏང་སྟེ་ཁོངས་གཏོགས་སྲིད་གཞུང་གིས་མཐོང་ཆེན་བྱེད་པ་དང་ལྟ་སྐུལ་དོ་དམ་སྡེ་ཁག་གིས་སྣེ་ཁྲིད་པ། སྨན་རྫས་བདེ་འཇགས་མཐུན་སྦྱོར་མི་སྣ་དང་ཆ་འཕྲིན་མི་སྣས་སྐུལ་ཁྲིད་བྱེད་པ། མང་ཚོགས་ཟབ་ཞུགས་བྱེད་པའི་གཞི་རིམ་སྨན་རྫས་བདེ་འཇགས་ཀྱི་མཉམ་འཛུགས་དང་མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་བྱ་བའི་རྣམ་པ་གྲུབ་པར་བྱས་ནས་མང་ཚོགས་ཀྱི་སྨན་བཀོལ་བདེ་འཇགས་ལ་སྲུང་སྐྱོབ་བྱས།
ཞིང་ཆེན་ཡོངས་ཀྱི་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་གཞི་རིམ་སྨན་རྫས་བདེ་འཇགས་མཐུན་སྦྱོང་མི་སྣ་དང་ཆ་འཕྲིན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་གཞིས་ཁུལ་འཕྲོད་བསྟེན་ཞབས་ཞུའི་སྡེ་ཁག སྡེ་བའི་འཕྲོད་བསྟེན་ཁང་སོགས་གཞི་རིམ་སྨན་བཅོས་སྡེ་ཁག་གི་སྨན་བཅོས་མི་སྣའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་སྨན་རྗས་བདེ་འཇགས་མཐུན་སྦྱོར་མི་སྣ་དང་ཆ་འཕྲིན་མི་སྣའི་ལྟ་སྐུལ་དོ་དམ་གྱི་བྱེད་ནུས་དོན་འཁྱོལ་བཟང་བོ་བྱས། སྨན་རྫས་བདེ་འཇགས་མཐུན་སྦྱོར་མི་སྣ་དང་ཆ་འཕྲིན་མི་སྣས་གཞི་རིམ་གྱི་སྨན་རྫས་བདེ་འཇགས་ཐད་ཀྱི་མི་མངོན་པའི་ཉེན་ཁ་རྙེད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་ཆེད། གྲོང་ཁྱེར་དང་ཁུལ་སོ་སོས་མི་སྣ་དོན་འཁྱོལ་བྱེད་པ་དང་གསོ་སྦྱོང་དོན་འཁྱོལ་བྱེད་པ། འགན་འཁྲི་དོན་འཁྱོལ་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཤིང་། ཆེད་དོན་གསོ་སྦྱོང་དང་ལག་ལེན་སློབ་ཁྲིད། བྱ་བའི་ཚོགས་པས་བྱ་བའི་ལས་སྒོ་བརྗེ་རེས་དང་དོགས་པར་ལན་འདེབས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་ལས་སྒོའི་བྱེད་ནུས་བཟང་བ། བྱ་བའི་ཕན་འབྲས་མཐོ་བ་བཅས་ཀྱི་སྨན་རྫས་བདེ་འཇགས་མཐུན་སྦྱོར་མི་སྣ་དང་ཆ་འཕྲིན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱས་ནས་ཡུལ་ཚོ་དང་གྲོང་རྡལ། ཞིང་སྡེ་བཅས་ཀྱི་སྨན་རྫས་བདེ་འཇགས་ཐད་ཀྱི་ལྟ་སྐུལ་དོ་དམ་དྲ་རྒྱ་འཐུས་ཚང་དུ་བཏང་།
གཞི་རིམ་ལྟ་སྐུལ་དོ་དམ་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཤིང་། སྨན་རྫས་བདེ་འཇགས་ཐད་ཀྱི་མི་མངོན་པའི་ཉེན་ཁ་ཞིབ་བཤེར་དང་ཆ་འཕྲིན་སྙན་ཞུ། དྲིལ་སྒྲོག་སློབ་གསོ། རོགས་ལས་ཁྲིམས་བསྟར་སོགས་ཀྱི་ཕྱོགས་ལ་དམིགས་ནས་སྨན་རྫས་བདེ་འཇགས་མཐུན་སྦྱོར་མི་སྣ་དང་ཆ་འཕྲིན་མི་སྣའི་བྱ་བའི་འགན་འཁྲི་གཏན་འཁེལ་གསལ་བོ་བྱས་ནས་འགན་སྒྲུབ་ལ་གཞི་འཛིན་ས་ཡོད་པ་དང་ཚད་གཞི་ཡོད་པར་བྱས་ཏེ་བྱ་བའི་ཐད་ཕན་འབྲས་བཟང་བོ་ཐོན་པར་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།