ཟླ་མཚན་གྱིས་སྐྱེས་མ་ཚོའི་བདེ་ཐང་གི་ཐད་བྱེད་ནུས་གལ་ཆེན་འདོན་བཞིན་ཡོད། དེ་བས་ཟླ་མཚན་ཆད་པའི་སྔ་འཕྱི་ཡིས་སྐྱེས་མའི་ལུས་ཁམས་ཀྱི་གནས་སྟངས་ལ་ཤུགས་རྐྱེན་མངོན་གསལ་ཐེབས་བཞིན་ཡོད། ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། ཟླ་མཚན་ཆད་སྔ་བའི་སྐྱེས་མར་ལྒང་བུའི་འབྲས་སྐྲན་དང་གཅིན་ལམ་ཕྱི་སྐྱིའི་འབྲས་སྐྲན་ཕོག་པའི་ཉེན་ཁ་གཞན་ལས་ཆེ་བ་རེད།
ཞིབ་འཇུག་མི་སྣས་ལོ45ནས74བར་གྱི་སྐྱེས་མ55882ཞིབ་འཇུག་བྱ་ཡུལ་དུ་བཟུང་ནས། ཞིབ་འཇུག་མགོ་རྩོམ་དུས་དང་ལོ5ཡི་རྗེས། ལོ10ཡི་རྗེས་བཅས་དུས་སྐབས་མི་འདྲ་བ་གསུམ་རིང་གི་སྐྱེས་མའི་སྐྱེ་འཕེལ་དང་འབྲེལ་བའི་གནས་ཚུལ་འཚོལ་སྡུད་བྱས་པ་དང་། དཔྱད་འབྲས་ལས་མངོན་པ་ལྟར་ན། ལོ49ནས51གི་བར་དུ་ཟླ་མཚན་ཆད་པའི་སྐྱེས་མ་དང་བསྡུར་ན། ལོ44ལ་མ་སོན་གོང་དུ་ཟླ་མཚན་ཆད་པའི་སྐྱེས་མ་དག་ལ་ལྒང་བུའི་འབྲས་སྐྲན་དང་གཅིན་ལམ་ཕྱི་སྐྱིའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་སོ་སོ་སྔ་མ་ལས་ལྡབ1.94དང་ལྡབ1.74ཡིས་མཐོ་ལ། གཤགས་བཅོས་སོགས་རྒྱུ་རྐྱེན་གཞན་གྱི་ཤུགས་རྐྱེན་ཕུད་རྗེས། ལོ44ལ་མ་སོན་གོང་དུ་ཟླ་མཚན་ཆད་པའི་སྐྱེས་མར་ལྒང་བུའི་འབྲས་སྐྲན་དང་གཅིན་ལམ་ཕྱི་སྐྱིའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ནི་ལོ49ནས51བར་ལ་ཟླ་མཚན་ཆད་མཁན་དག་ལས་ལྡབ2.09ནས་ལྡབ1.78ཀྱིས་མཐོ་བ་རེད།
ཞིབ་འཇུག་མི་སྣས་རིགས་འདེད་བྱས་པ་ལྟར་ན། ཟླ་མཚན་ཆད་པ་ཅུང་སྔ་བ་དེས་སྐྱེས་མ་རྣམས་ཀྱི་མོ་སྐུལ་རྩའི་རྒྱུ་ལོ་ཅུང་གཞོན་པའི་དུས་ནས་བཟུང་ཇེ་ཉུང་དུ་སོང་བ་མཚོན་ལ། དེ་ལྟར་བྱས་ཚེ་མོ་སྐུལ་རྩའི་རྒྱུ་ཡིས་གཅིན་ལམ་ཕྱི་སྐྱིར་ཚོད་འཛིན་བྱེད་པའི་ནུས་པ་ཇེ་དམའ་རུ་གྱུར་པ་དང་། དེའི་ཐོག་ལ་ཟླ་མཚན་ཆད་པ་ཡིས་གཅིན་ལམ་རེད་པའི་ཉེན་ཁ་ཇེ་ཆེར་བཏང་བ་སོགས་ལ་རྐྱེན་བྱས་ཏེ། གཅིན་ལམ་དུ་དུས་ཡུན་རིང་བོར་དལ་གཤིས་གཉན་ཚད་བྱུང་ནས་འབྲེལ་ཡོད་འབྲས་སྐྲན་སྣ་ཚོགས་བསྐྱེད་པ་རེད།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།