ལོ་ཇེ་ཆེར་ཕྱིན་པ་དང་འགྲོགས་ནས། ང་ཚོ་རྒྱུ་རྐྱེན་སྣ་ཚོགས་ལ་རྐྱེན་བྱས་ཏེ་སོ་འབལ་དགོས་པའི་གནས་ཚུལ་ལ་འཕྲད་སྲིད། འོ་ན་སོ་བལ་རྗེས་ཇི་ལྟར་བྱས་ན་འགྲིག་གམ། སྨན་པས་ནམ་རྒྱུན་ནད་པར་སོ་ཤུལ་གསབ་དགོས་པར་བསྐུལ་ནའང་། མི་མང་པོ་ཞིག་གིས་རྒྱུ་རྐྱེན་སྣ་ཚོགས་ལ་རྐྱེན་བྱས་ཏེ་སོ་ཤུལ་སྟོང་བར་བསྐྱུར་སྲིད། དུས་ཡུན་རིང་བོར་སོ་ཤུལ་སྟོང་བར་བསྐྱུར་ན་གནོད་པ་གང་དག་ཡོད་དམ། ང་ཚོས་རེ་རེ་བཞིན་རྒྱུས་ལོན་ཞིག་བྱེད།
གཅིག སོ་གཞན་དག་གི་གནས་ས་འཆོལ་འགྲོ་ངེས།
སོ་ཤུལ་སྟོང་བའི་གཡས་གཡོན་གྱི་སོ་རྣམས་སོ་ཤུལ་སྟོང་བའི་ཕྱོགས་སུ་ནུར་ཏེ་སོ་ཕྲེང་གྲལ་མི་འགྲིག་པར་འགྱུར་ངེས།
གཉིས། ཁ་གཏད་ཀྱི་སོ་ཇེ་རིང་ལ་འགྲོ་ངེས།
སོ་ཤུལ་སྟོང་བའི་ཁ་གཏད་ཀྱི་ཡ་སོ་དང་མ་སོ་གང་རུང་ཇེ་རིང་དུ་སོང་སྟེ་སོ་འདེབས་པར་ཤུགས་རྐྱེན་ཐེབས་ངེས།
གསུམ། ཟས་ལྡད་པར་ཤུགས་རྐྱེན་ཐེབས་ངེས།
སོ་ཤུལ་སྟོང་བ་མང་དྲགས་ན་ཟས་ལྡད་པར་ཤུགས་རྐྱེན་མངོན་གསལ་ཐེབས་ངེས།
བཞི། ངོ་གདོང་གི་མཛེས་པར་གནོད་པ།
དུས་ཡུན་རིང་བོར་གཞོགས་གཅིག་གི་སོ་ཡིས་ཟས་ལྡད་དེ། གཞོགས་གཅིག་ཡོངས་སུ་མ་སྤྱད་ན་དུས་རྒྱུན་སྤྱད་པའི་གཞོགས་དེའི་ཤ་གནད་དེ་ཅིག་ཤས་ལས་རྒྱས་དྲགས་ཏེ། ངོ་གདོང་ཆ་མི་འགྲིག་པར་གྱུར་ནས་ མཛེས་པར་གནོད་ངེས།
ལྔ། བདེ་ཐང་ལ་གནོད་པ།
སོ་ཤུལ་སྟོང་བ་ནས་ཕྲ་སྲིན་འཚར་སྐྱེ་དང་རྒྱུད་སྤེལ་བྱེད་སླ་བར་མ་ཟད། དེ་རུ་ཟ་མ་ལྡད་པའི་སྙིགས་རོ་སྤུངས་སླ་བས། སོ་རྙིལ་གཉན་ཚད་དང་སོ་འཁོར་གཉན་ཚད་སོགས་བསྐྱེད་དེ་སོ་ཡི་བདེ་ཐང་ལ་གནོད་པ་ཐེབས་ངེས།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།