ཁོག་པ་བཤལ་བའི་སྐབས་སུ། ཚང་མས་བཟའ་བཏུང་གི་འཛེམ་བྱར་དོ་སྣང་ཆེན་པོ་བྱེད་ཅིང་། ངང་ལག་ལ་དེ་བས་ཀྱང་འཛེམ་སྟེ། ངང་ལག་ཁྲོད་དུ་བཟའ་བཅའི་ཚི་སྣ་ཕུན་སུམ་ཚོགས་པས། ཁོག་པ་བཤལ་བའི་ནད་རྟགས་ཇེ་ལྕི་ལ་འགྲོ་བར་འདོད། ཡིན་ཡང་དོན་དངོས་སུ་འཛེམ་བྱ་དེའི་རིགས་ནི་དགོས་མེད་ཅིག་རེད།
ཞིབ་འཇུག་མང་པོ་བྱས་པ་ལྟར་ན། བཟའ་བཅའི་ཚི་སྣ་སོགས་ཀྱིས་ཁོག་པ་བཤལ་བའི་གནས་ཚུལ་ཇེ་ལེགས་སུ་གཏོང་བའི་ནུས་པ་མངོན་གསལ་རེད། ངང་ལག་གི་ཁྲོད་མིའི་ལུས་ཕུང་ལ་མཁོ་བའི་འཚོ་བྱེད་རྒྱུ་སོགས་མང་པོ་འདུས་པས། ནད་པར་ཀ་ར་སོགས་ཁ་གསབ་བྱེད་ཐུབ། དེ་བས། ཁོག་པ་བཤལ་བའི་སྐབས་སུ་ལུགས་མཐུན་སྒོས་ངང་ལག་ཟོས་ན་རྒྱུ་མར་ཕན་ཐོགས་ཡོད།
ངང་ལག་ཁྲོད་ཀྱི་ཐཱན་ཆུ་འདྲེས་སྦྱོར་རྫས་གཙོ་བོ་ནི་སིང་ཕྱེ་ཡིན་པ་དང་སིལ་མངར་གྱི་འདུས་ཚད་ཅུང་དམའ། དེའི་ནང་གི་འདུས་ཚད་དམའ་བའི་མངར་ཆ་མང་པོ་རྒྱུ་མའི་ནང་དུ་ཕན་བསྐྱེད་ཕྲ་སྲིན་སྐྱེ་བ་ལ་མཁོ་བའི་འཚོ་བཅུད་དུ་འགྱུར་ཐུབ་པས། རྒྱུ་ལམ་གྱི་ཁོར་ཡུག་ལེགས་བཅོས་དང་། ཟས་འཇུ་བ་དང་བསྡུ་ལེན་ལ་སྐུལ་འདེད་གཏོང་ཐུབ།
ངང་ལག་ཁྲོད་དུ་ཅཱ་དང་ནཱ། མཱེ་སོགས་གཏེར་རྫས་ཀྱི་འདུས་ཚད་ཅུང་མཐོ། ཁོག་པ་བཤལ་སྐབས་གཏེར་དངོས་འདི་དག་ཤོར་སླ་བས། ངང་ལག་འོས་འཚམ་ཟོས་ན་ཁོག་པ་བཤལ་ནས་ཆུ་དང་ཚྭའི་བརྗེ་ཚབ་འཁྲུགས་པ་སྙོམས་སྒྲིག་བྱེད་པར་ཕན།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།