ཕྲག་པ་གཟེར་བ་ལ་ཁྱིམ་ནས་སླར་གསོའི་ལུས་སྦྱོང་བྱེད་དགོས།
2025.01.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 11

མི་རྣམས་ཀྱིས་ཕྲག་ཚིགས་ཀྱི་ནད་ལ་ངོས་ཟིན་ཡང་དག་མེད་པའི་རྐྱེན་གྱིས། དུས་རྒྱུན་དུ་ཕྲག་ཚིགས་ཀྱི་ནད་ཕྲག་པའི་གཉན་ཚད་ཀྱི་རིགས་སུ་བསྡུས་ཏེ།  དོ་སྣང་བྱེད་ཀྱིན་མེད་ལ།  ནོར་འཁྲུལ་གྱི་བཅོས་ཐབས་བསྟེན་ནས། ཕྲག་ཚིགས་ཀྱི་ནད་འགོར་འགྱངས་བྱས་ཏེ་ནད་གཞི་ཇེ་སྡུག་ཏུ་འགྲོ་བ་མང་།

དོན་གྱིས་ཕྲག་པ་གཟེར་བ་ལ་རྒྱུ་རྐྱེན་ཤིན་ཏུ་མང་སྟེ།  དཔུང་བ་རྨས་པ་དང་ ཕྲག་ཚིགས་མི་བརྟན་པ། སྒྲོག་རུས་དང་ཕྲག་པའི་མཐུད་མཚམས་ལ་གཉན་ཁ་རྒྱས་པ་སོགས་ཡོད།  ནད་ཀྱི་རྒྱུ་རྐྱེན་མི་འདྲ་བ་དང་བསྟུན་ནས་གསོ་བཅོས་ཀྱི་ཐབས་ལམ་ཡང་མི་འདྲ་བ་བསྟེན་དགོས། དེ་བས་ཕྲག་པ་གཟེར་བ་ལ་སྔ་མོ་ནས་ནད་ཡང་དག་པར་ངོས་ཟིན་པའི་ཐོག  ཚན་རིག་དང་མཐུན་པའི་བཅོས་ཐབས་བསྟེན་རྒྱུ་གལ་ཆེ། གཞན་ད་རུང་ཁྱིམ་ནས་སླར་གསོའི་ལུས་སྦྱོང་བྱས་ཏེ། གསོ་བཅོས་ཀྱི་ཕན་འབྲས་ལེགས་པོ་ཐོན་པར་རམ་འདེགས་དང་བསྐྱར་འཕར་མི་འབྱུང་བ་བྱེད་དགོས།

གཤམ་ནས་རང་ཁྱིམ་ནས་ཕྲག་པ་གཟེར་བར་ཕན་པའི་ལུས་སྦྱོང་བྱེད་ཐབས་གཉིས་ངོ་སྤྲོད་རགས་ཙམ་བྱེད།

1.ལག་པ་གཡུག་ཐབས། ཟུག་གཟེར་སྐྱེ་སའི་ཕྱོགས་དེའི་ལག་པ་རང་བཞིན་ངང་ཐུར་དུ་དཔྱངས་ཏེ། ལུས་པོ་གཡས་གཡོན་དུ་འཁོར་བ་དང་བསྟུན་ནས་ཟུག་གཟེར་སྐྱེ་སའི་ལག་པ་དེ་མདུན་རྒྱབ་དང་གཡས་གཡོན་དུ་འགྲོས་དང་ལྡན་པའི་ངང་གཡུག་པ་དང་། དེ་ནས་གཡས་གཡོན་གཉིས་སུ་སྐོར་བ་བྱས་ནས། ལག་པའི་གཡུག་ཤེད་རིམ་གྱིས་ཇེ་ཆེར་གཏོང་དགོས། ཕན་འབྲས་ལེགས་པོ་ཐོན་ཆེད། གཟེར་ཟུག་སྐྱེ་སའི་ལག་པར་བྱེ་ཁུག་གམ་ལྕགས་རིལ་བཟུང་ནས། ཕྱོགས་སོ་སོར་ཐེངས30ནས50ཙམ་རེ་གཡུག་དགོས།

2. ཕྲག་པ་སྒྱིང་ཐབས། ཕྲག་པ་ཡར་ལ་སྒྱིང་ཐུབ་ཚད་ལ་བསྒྱིངས་རྗེས་སྐར་ཆ10ལ་ཐེངས་རེ་དང་། ཐེངས10རེ་སྐོར་གཅིག་བྱས་ཏེ། ཉིན་རེར་སྐོར5རེ་བྱེད་དགོས།

རྩོམ་སྒྲིག་པ།  ལྷ་མོ་ཚེ་རིང་།