མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་སྨན་སྤྱོད་དབྱང་དབུགས་ཀྱི་སྤུས་ཚད་བདེ་འཇགས་ཐད་ཀྱི་ལྟ་སྐུལ་ཞིབ་བཤེར་བྱ་བ་སྤེལ།
2025.01.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཉེ་ལམ།  མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་སྨན་སྤྱོད་དབྱང་དབུགས་ཀྱི་སྤུས་ཚད་བདེ་འཇགས་ཐད་ཀྱི་ལྟ་སྐུལ་དོ་དམ་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བརྡ་ཐོ་བཏང་བ་དང་། བདེ་འཇགས་ཐོན་སྐྱེད་བྱ་བ་དང་ཟུང་འབྲེལ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་སྨན་རྫས་དང་སྨན་བཅོས་ཡོ་བྱད་ཀྱི་སྤུས་ཚད་བདེ་འཇགས་ཐད་ཀྱི་ལྟ་སྐུལ་ཞིབ་བཤེར་བྱ་བ་སྤེལ་ནས་ལོ་མཇུག་དང་ལོ་འགོའི་སྨན་རྗས་དང་སྨན་བཅོས་ཡོ་བྱད་ཀྱི་སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱེད་པ་དང་བདེ་འཇགས་ཐོན་སྐྱེད་བྱ་བར་ཤུགས་བསྣན།

བརྡ་ཐོའི་ནང་དུ་རིམ་པ་སོ་སོའི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་བདེ་འཇགས་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་སྨན་སྤྱོད་དབྱང་དབུགས་ཀྱི་ཐོན་སྐྱེད་དང་གསོག་ཉར།   བཀོལ་སྤྱོད་བཅས་གཙོར་བྱས་ནས་འཕྲོད་བསྟེན་བདེ་ཐང་སྡེ་ཁག་དང་མཉམ་དུ་མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་ཞིབ་བཤེར་བྱེད་ཐབས་བརྒྱུད་དེ་སྤུས་ཚད་བདེ་འཇགས་དང་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་མི་མངོན་པའི་རྐྱེན་ངན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་དགོས།  སྨན་སྤྱོད་དབྱང་དབུགས་ཀྱི་ཐོན་སྐྱེད་བཟོ་རྩལ་དང་སྤུས་ཚད་ཚོད་འཛིན།   གསོག་ཉར་སྐྱེལ་འདྲེན་སྒྲིག་ཆས།   དེ་མིན་བེད་སྤྱོད་བྱེད་པའི་གོ་རིམ་ཁྲོད་ཀྱི་བདེ་འཇགས་དོ་དམ་གཙོ་བོར་བཟུང་ནས་ཞིབ་བཤེར་བྱས་ཏེ་ཁེ་ལས་ཀྱིས་སྤུས་ཚད་བདེ་འཇགས་དང་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་ནན་མོ་བྱེད་པར་སྐུལ་འདེད་གཏོང་དགོས།   དེར་མ་ཟད།    བྱེད་ཐབས་དང་རྣམ་པ་མང་པོ་བརྒྱུད་དེ་ཐོན་སྐྱེད་བདག་གཉེར་ཁེ་ལས་དང་བཀོལ་སྤྱོད་སྡེ་ཁག  སྤྱི་དམངས་བཅས་ལ་བདེ་འཇགས་ངང་དབྱང་དབུགས་བེད་སྤྱོད་བྱེད་པའི་དྲིལ་སྒྲོག་སློབ་གསོ་སྤེལ་ནས་སྤྱི་དམངས་ཀྱི་བདེ་འཇགས་འདུ་ཤེས་དང་རང་སྲུང་ནུས་པ་མཐོར་འདེགས་གཏོང་དགོས་པ་དང་།    རིགས་སོ་སོའི་བདེ་འཇགས་དོན་རྐྱེན་འབྱུང་བ་གཏན་འགོག་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་སྤྲོ་སྐྱིད་འཆམ་མཐུན་གྱི་དུས་ཆེན་ཞིག་རོལ་བར་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན།

མིག་སྔའི་བར་དུ།   ལྟ་སྐུལ་དོ་དམ་སྡེ་ཁག་གིས་སྨན་སྤྱོད་དབྱང་དབུགས་ཐོན་སྐྱེད་ཁེ་ལས་དང་དབྱང་དབུགས་འཕྲུལ་ཆས་ཐོན་སྐྱེད་ཁེ་ལས་གསུམ་ལ་ཞིབ་བཤེར་བྱས་ཏེ། གཤེར་དབྱང་གསོག་སྣོད་སོགས་སྒྲིག་ཆས་འཁོར་སྐྱོད་བྱས་པ་རྒྱུན་ལྡན་ཡིན་མིན་དང་།  གཏན་འཁེལ་བྱས་པ་བཞིན་དུས་ལྟར་ཞིག་གསོ་སྲུང་སྐྱོང་བྱེད་བཞིན་ཡོད་མེད།     ཐོན་སྐྱེད་སྒྲིག་ཆས་འཁོར་སྐྱོད་གནས་ཚུལ་དང་ཞིག་གསོ་སྲུང་སྐྱོང་གནས་ཚུལ་སོགས་ལ་ཡུལ་དངོས་ནས་ལྟ་སྐུལ་དང་ཞིབ་དཔྱད་བྱས།  དེ་མ་ཟད།    ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་།   ཐོན་སྐྱེད་སྤུས་ཚད་དོ་དམ་གྱི་ཚད་ལྡན་བླང་བྱ་དང་འགལ་བའི་བདེ་འཇགས་ཐོན་སྐྱེད་བྱ་སྤྱོད་གཅིག་ཀྱང་མ་རྙེད།

ལྷ་མོ་ཚེ་རིང་གིས་བསྒྱུར།