ན་ཟུག་གཅོག་པའི་སྨན་ལ་མཆོག་ཏུ་བསྔགས་པའི་སྨན་ཞིག་མེད།
2025.02.24 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

མགོ་ན་བ་དང་ཕོ་བ་གཟེར་བ། རུས་ཚིགས་ན་བ་སོགས་ན་ཟུག་གི་རིགས་སྣ་ཚོགས་ཀྱིས་ནད་པའི་འཚོ་བ་ལ་ཤུགས་རྐྱེན་ཆེན་པོ་བཟོ་བ་ཡིན། ན་ཟུག་གཅོག་པའི་ཆེད་དུ། མི་མང་པོ་ཞིག་གིས་ན་ཟུག་གཅོག་པའི་སྨན་བསྟེན་བཞིན་ཡོད།   དོན་གྱིས་ན་ཟུག་གཅོག་པར་མཆོག་ཏུ་བསྔགས་པའི་སྨན་ཞིག་མིག་སྔར་ད་དུང་བྱུང་མེད།

ན་ཟུག་ནི་སོ་སོའི་ལུས་ཕུང་གི་ཁྱད་པར་དང་འབྲེལ་ཡོད་པས། མི་རེ་རེའི་ན་ཟུག་གི་མྱོང་ཚོར་དང་སྨན་རྫས་ཀྱིས་ཐེབས་པའི་ཤུགས་རྐྱེན་ཡང་མི་འདྲ།   མི་ལ་ལ་ནི་ན་ཟུག་གཅོག་པའི་སྨན་གྱི་རིགས་ཤིག་ལ་ཤིན་ཏུ་ཚོར་བ་རྐྱེན་པོ་ཡོད་ནའང་། མི་གཞན་དག་ནི་སྨན་དེ་རིགས་ལ་ཚོར་བ་ཅི་ཡང་མེད། དེ་བས་མི་ཐམས་ཅད་ལ་ཕན་པའི་ན་ཟུག་གཅོག་པའི་སྨན་ཞིག་ངོས་འཛིན་རྒྱུ་མེད།

སྨན་རྫས་ཀྱི་ལོག་སྐྱོན། སྨན་ཡིན་པ་ཐམས་ཅད་ལ་ལོག་སྐྱོན་ཞིག་ངེས་པར་ཡོད་དེ། ན་ཟུག་གཅོག་པའི་སྨན་ཡང་དེ་བཞིན་ཡིན། ན་ཟུག་གཅོག་པའི་སྨན་དུས་ཡུན་རིང་པོར་བསྟེན་ན་ཕོ་བ་དང་རྒྱུ་མ། མཁལ་མ་དང་མཆིན་པ་བཅས་ལ་གནོད་པར་མ་ཟད། སྨན་ལ་ལོབས་པར་འགྱུར་བ་སོགས་ཀྱི་གནད་དོན་ཡང་འབྱུང་སྲིད། དེ་བས། ན་ཟུག་གཅོག་པའི་སྨན་འདེམས་སྐབས། སྨན་གྱི་ནུས་པ་དང་ལོག་སྐྱོན་གང་འདྲ་ཡིན་པར་ཞིབ་ཏུ་བརྟག་ནས། སྨན་གང་དང་ཅི་བསྟེན་ན་ལེགས་མིན་ལ་བསམ་བློ་ཡང་དག་གཏོང་དགོས།

ནད་ཀྱི་རྒྱུ་ལ་བལྟས་ནས་གསོ་བཅོས་བྱེད་པ། ན་ཟུག་གི་རིགས་མང་པོ་ཞིག་ལ་ན་ཟུག་གཅོག་པའི་བཅོས་ཐབས་ཁོ་ནས་ཕྱི་ཡི་ནད་རྟགས་ཙམ་གཞོམ་པ་ལས་ནད་ཀྱི་རྩ་བ་བཅོ་མི་ནུས། དཔེར་ན་རུས་ཆག་ལས་བསྐྱེད་པའི་ན་ཟུག་ལ་རུས་གནས་སླར་གསོ་དང་བརྟན་འཇགས་ཀྱི་གསོ་བཅོས་བྱེད་དགོས་ལ། སྙིང་ལ་ཁྲག་མ་འདང་བའི་ན་ཟུག་ལ་སྙིང་དང་ཁྲག་རྩའི་སྨན་དང་གཤག་བཅོས་སོགས་བྱེད་དགོས་པ་ལྟ་བུ། དེ་བས་ན་ཟུག་གཅོག་པ་ལ་ད་དུང་ནད་ཀྱི་རྒྱུ་ལ་དཔག་ནས་གསོ་བཅོས་བྱེད་རྒྱུ་གལ་ཆེ།

རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།