ཉེ་ལམ། གསར་འགོད་པས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2024ལོར་ཞིང་ཆེན་ཡོངས་ཀྱི་གློ་བའི་འདུས་འདྲིལ་ནད་སྨན་བཅོས་ལེགས་འགྲུབ་བྱུང་ཚད་བརྒྱ་ཆའི་གོ་བདུན་དང་གྲངས་བཞི་ཐིག་ལ་སླེབས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་གློ་བའི་འདུས་འདྲིལ་ནད་གྱི་གནོད་འཚེ་ཇེ་དམར་གཏོང་རྒྱུ་དེ་དམངས་ཚིས་གནད་དོན་ཐག་གཅོད་པའི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་ནན་མོ་བྱས་པ་དང་། སྲིད་གཞུང་གི་ཁས་ལེན་དང་ནོར་སྲིད་དངུལ་གཏོང་། འཆར་འགོད་བཟོ་བ། ཐོན་ཁུངས་བཀོད་སྒྲིག སྨན་བཅོས་འགན་སྲུང་གི་རྩིས་སྤྲོད་བསྡུར་ཚད་ཇེ་མཐོར་གཏོང་བ་སོགས་ཀྱི་ཐད་ཤུགས་བསྣན་ནས་ཐབས་བརྒྱ་ཇུས་སྟོང་གིས་འགོག་བཅོས་བྱ་བའི་ཤུགས་ཚད་ཆེ་རུ་བཏང་སྟེ་གློ་བའི་འདུས་འདྲིལ་ནད་ཀྱིས་རིགས་སོ་སོའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཐད་བཟོས་པའི་གནོད་འཚེ་ཚད་མཐོན་པོས་ཇེ་དམར་བཏང་བས། རྒྱ་ཆེའི་མང་ཚོགས་ཀྱི་ཁས་ལེན་ཆེན་པོ་ཐོབ།
རྒྱུས་ལོན་བྱུང་བ་ལྟར་ན། ལོ་མང་པོའི་རིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་གློ་བའི་འདུས་འདྲིལ་ནད་ཀྱི་ཚོད་འཛིན་བྱེད་ཐབས་ལ་ཤུགས་བསྣན་པ་དང་། སྔོན་འགོག་ཚོད་འཛོན་སྡེ་ཁག་དང་གནས་གཏན་སྨན་ཁང་། གཞིས་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། དེ་མིན་ཡུལ་ཚོ་དང་སྡེ་བ་རིམ་པའི་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་རྨང་གཞི་ཡིན་པའི་ཕྱོགས་བསྡུས་འགོག་བཅོས་ཞབས་ཞུའི་མ་ལག་བཙུགས་ནས་སྲིད་གཞུང་གིས་མཐོང་ཆེན་བྱེད་པ་དང་སྡེ་ཁག་གིས་མཐུན་སྦྱོར་བྱེད་པ། སྤྱི་ཚོགས་ཡོངས་ཟབ་ཞུགས་བྱེད་པའི་འགོག་བཅོས་བྱ་བའི་ནང་རྐྱེན་ཕྱོགས་ཡོངས་ནས་གྲུབ་པར་བྱས། གློ་བའི་འདུས་འདྲིལ་ནད་འགོག་བཅོས་ཤེས་བྱ་སློབ་གྲྭ་ཆུང་འབྲིང་གི་བདེ་ཐང་སློབ་གསོའི་ནང་དོན་དུ་བཞག་ནས་གློ་བའི་འདུས་འདྲིལ་ནད་འགོག་བཅོས་ཐད་ཀྱི་དྲིལ་སྒྲོག་སློབ་གསོ་བྱ་བ་རྒྱུན་རྣམ་ཅན་དུ་གཏོང་བ་དང་། བརྟག་དཔྱད་བྱེད་ཤུགས་ཆེ་རུ་བཏང་སྟེ་ནད་པར་ཚད་ལྡན་དོ་དམ་དང་ཚད་ལྡན་སྨན་བཅོས། སྨན་བཅོས་ལེགས་འགྲུབ་བྱུང་ཚད་ཐད་ཤུགས་བསྣན་ནས་རིམ་པ་སོ་སོ་དང་རིགས་སོ་སོའི་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གིས་གློ་བའི་འདུས་འདྲིལ་ནད་ཀྱི་དོགས་ཡོད་ནད་པར་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམ་པ་སོ་སོའི་གློ་བའི་འདུས་འདྲིལ་ནད་ཀྱི་གནས་གཏན་སྨན་ཁང་གིས་གློ་བའི་འདུས་འདྲིལ་ནད་བྱུང་ཡོད་པའི་ནད་པར་ནད་བརྟག་སྨན་བཅོས་བཟང་བོ་བྱེད་པ་དང་། ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ལག་རྩལ་བེད་སྤྱོད་བྱེད་ཚད་ཆེ་རུ་བཏང་ནས་གློ་བའི་འདུས་འདྲིལ་ནད་བརྟག་བཅོས་བྱེད་པ་དེ་སྨན་བཅོས་སྤུས་ཚད་ཚོད་འཛིན་བྱ་བའི་མ་ལག་ཁྲོད་བཞག་ནས་ནད་པར་ཚད་ལྡན་གྱི་སྨན་བཅོས་བྱེད་པར་འགན་སྲུང་བྱེད་དགོས།
2025ལོར་མཚོ་སྔོན་ཞིང་ཆེན་གྱི་གློ་བའི་འདུས་འདྲིལ་ནད་འགོག་བཅོས་བྱ་བས་རྒྱལ་ཁབ་ནད་རིགས་སྔོན་འགོག་ཚོད་འཛིན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱར་དམ་དུ་དམིགས་ནས། གློ་བའི་འདུས་འདྲིལ་ནད་འགོག་བཅོས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་བྱེད་པ་དང་གློ་བའི་འདུས་འདྲིལ་ནད་འགོག་བཅོས་ཞབས་ཞུའི་ནུས་པ་དང་བྱ་བའི་སྤུས་ཚད་མཐོར་འདེགས་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ་རོང་འབྲོག་ཁུལ་གྱི་གློ་བའི་འདུས་འདྲིལ་ནད་འགོག་བཅོས་བྱ་བར་ཤུགས་སྣོན་པ་དང་། མི་ཚོགས་གཙོ་བོའི་གློ་བའི་འདུས་འདྲིལ་ནད་ཀྱི་བརྟག་དཔྱད་ཞིབ་བཤེར་བྱ་བ་བཟང་བོར་བསྒྲུབ་པ། གློ་བའི་འདུས་འདྲིལ་ནད་པའི་བརྟག་བཅོས་དང་དོ་དམ་ཚད་ལྡན་དུ་གཏོང་བ། མི་ཚོགས་གཙོ་བོ་སོགས་ཀྱི་གློ་བའི་འདུས་འདྲིལ་ནད་འགོག་བཅོས་བྱ་བར་སྔར་ལས་ཤུགས་སྣོན་པ་བཅས་བྱས་ཏེ་གློ་བའི་འདུས་འདྲིལ་ནད་པར་སྨན་བཅོས་བྱེད་ཚད་དང་སྨན་བཅོས་ལེགས་འགྲུབ་བྱུང་ཚད་མཐོར་འདེགས་གཏོང་རྒྱུ་རེད།
ལྷ་མོ་ཚེ་རིང་གིས་བསྒྱུར།