འཕང་འབྲས། རྒྱུན་སྤྱོད་ཀྱི་འཕང་འབྲས་ལ་མངར་ཆ་མང་བས། བརླན་དང་སྣུམ་གྱིས་ཟིན་སླ་ལ་འབུ་འདེབས་པ་དང་རུལ་སླ་བར་མ་ཟད། མདོག་འགྱུར་སླ་བས། དེ་ནི་རྩྭ་སྨན་ནང་གི་ཉར་ཚགས་བྱེད་དཀའ་བའི་རིགས་སུ་གཏོགས། ཡིན་ནའང་། འཕང་འབྲས་ཀྱི་ཐོག་ལ་ཆང་བཅུད་གཏོར་ནས་སྙོམས་པར་དཀྲུགས་པ་དང་། དེ་ནས་དུག་མེད་འགྱིག་ཐུམ་གྱིས་བཏུམས་ནས་ནང་གི་དབུགས་བླངས་རྗེས་ཁ་སྡོམ་དགོས། ཉར་ཚགས་བྱེད་ཐབས་དེས་འབུ་འགོག་ཐུབ་ལ་ཁ་དོག་ཀྱང་སྲུང་འཛིན་བྱེད་ཐུབ། ཡང་ན་འཕང་འབྲས་འཁྱག་སྒམ་དྲོད་ཚད0℃ནས4℃ཡི་ནང་དུ་ཉར་ཆོག
དཀར་པོ་ཆིག་ཐུབ། དཀར་པོ་ཆིག་ཐུབ་ལ་རིགས་ཤིན་ཏུ་མང་ལ། ནང་དུ་མངར་ཆའི་རིགས་དང་འབྱར་བག་རྫས། སྣུམ་རིགས་སོགས་ཅུང་མང་བས། བརླན་དང་སྣུམ་གྱིས་ཟིན་སླ་ཞིང་། རུལ་བ་དང་མདོག་འགྱུར་བ། འབུ་འདེབས་པ་སོགས་ཀྱི་གནད་དོན་འབྱུང་སླ། སྐམ་ཐག་ཆོད་པའི་དཀར་པོ་ཆིག་ཐུབ་ནི་འགྱིག་ཐུམ་ལ་མཁའ་དབུགས་མེད་པར་བྱས་ཏེ་འཇུག་པ་དང་། བསིལ་སར་ཉར་ཚགས་བྱས་པས་ཆོག དེ་མིན་འགྱིག་ཐུམ་གྱི་ཁ་དམ་པོར་བསྡམས་ནས་འཁྱག་སྒམ་ནང་དུ་ཉར་ནའང་དུས་ཡུན་རིང་པོར་ཉར་ཐུབ།
མེ་ཏོག་གི་རིགས། རྒྱུན་པར་ཆུ་ཁོལ་ལ་སྦངས་ནས་བཏུང་བའི་ལུག་མིག་མེ་ཏོག་དང་འཕང་མའི་མེ་ཏོག་སོགས་མེ་ཏོག་གི་རིགས་ལ་སྣུམ་རིགས་ཀྱི་གྲུབ་ཆ་ཡོད་པས། མདོག་འགྱུར་བ་དང་འབུ་འདེབས་སླ། དུས་ཡུན་རིང་པོར་ཁ་དམ་སྦྱར་གྱི་སྣོད་དུ་བཅུག་ནས། བསིལ་ཞིང་སྐམ་པའི་གནས་སུ་འོད་མི་ཕོག་པར་བྱེད་དགོས།
དབྱར་རྩྭ་དགུན་འབུ། གལ་ཏེ་ཚད་ཤིན་ཏུ་ཉུང་ལ། ཉར་ཚགས་བྱ་ཡུན་ཤིན་ཏུ་ཐུང་ན། གཡེར་མ་དང་མཉམ་དུ་ཤེལ་དམ་དུ་བཅུག་ནས་ཤེལ་དམ་གྱི་ཁ་དམ་པོར་བསྡམས་རྗེས། འཁྱག་སྒམ་དུ་ཉར་ཆོག་པ་ཡིན། དབྱར་རྩྭ་དགུན་འབུ་དུས་ཡུན་རིང་པོར་ཉར་ཚགས་བྱ་མི་རུང་། ཡུན་རིང་འགོར་ན་སྨན་ནུས་ཤོར་འགྲོ་བ་ཡིན།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།