དུས་རྒྱུན་འཚོ་བའི་ཁྲོད་དོ་སྣང་བྱེད་དགོས་པའི་གནད་འགའ།
2025.03.31 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

གཅིག ཟ་མ་ཟོས་རྗེས་འཆམ་འཆམ་དུ་འགྲོ་བ། ཟ་མ་ཟོས་རྗེས་འཆམ་འཆམ་དུ་འགྲོ་བ་དེས་ཟུངས་ཁྲག་གི་འཁོར་རྒྱུག་དང་ཟས་ཀྱི་དང་ག་ཉམས་པ་སོགས་ལ་ཤུགས་རྐྱེན་མེད་པར། ཁྲག་འཁོར་རྒྱུག་ལ་ཕན་ཐོགས་ཡོད་པ་མ་ཟད་གསོ་རླུང་དང་འཚོ་བཅུད་འཇུ་ལེན་ལ་ཡང་ཕན་ཐོགས་ཡོད།

གཉིས། གུང་ཟས་ཟོས་རྗེས་གཉིད་པ། གུང་ཟས་ཟོས་རྗེས་གཉིད་ན་ཕྱི་དྲོར་རྣམ་རིག་གསལ་པོ་ཡོང་ཐུབ། མི་ལ་ལས་གུང་ཟས་རྗེས་སུ་གཉིད་ན་ལུས་ལ་ཚོ་འབུད་པར་འདོད་ཀྱིན་ཡོད། དོན་དངོས་སུ་གུང་ཟས་རྗེས་སུ་གཉིད་པ་དངལུས་ལ་ཚོ་འབུད་པའི་བར་ཐད་ཀའི་འབྲེལ་བ་གང་ཡང་མེད། ཡིན་ནའང་། ཉིན་གུང་གཉིད་པའི་དུས་ཚོད་སྐར་མ་སུམ་ཅུ་ཡས་མས་སུ་ཚོད་འཛིན་བྱེད་དགོས།

གསུམ། ཟ་མ་ཟོས་རྗེས་ལུས་པོ་འཁྲུ་བ། བདེ་ཐང་གི་མི་ཞིག་ཡིན་ཕྱིན་ཟ་མ་ཟོས་རྗེས་ལུས་པོ་བཀྲུས་ན་འགྲིག འོན་ཀྱང་། སྙིང་ཁམས་ཀླད་རྩའི་ནད་སོགས་ཡོད་པའི་མི་ཡིས་མགོ་ཡུ་འཁོར་ནས་འགྱེལ་བའི་ཉེན་ཁར་དོ་སྣང་བྱེད་དགོས་ལ། ངལ་གསོ་ཅུང་ཟད་བྱས་ནས་བཀྲུས་ན་བཟང་།

བཞི། ཟ་མ་ཟོས་རྗེས་སིལ་ཏོག་བཟའ་བ། ཟ་མ་ཟོས་ཚར་རྗེས་འཕྲལ་དུ་སིལ་ཏོག་ཟོས་ན་འཚོ་བཅུད་བསྡུ་ལེན་ལ་ཤུགས་རྐྱེན་ཐེབས་ཀྱིན་མེད། ཡིན་ཡང་།

ཟ་མ་རྒྱགས་ཚད་ཟོས་ཡོད་ན་སིལ་ཏོག་ཟ་མི་རུང་ལ། སིལ་ཏོག་ནང་དུའང་ཚ་དྲོད་དང་མངར་ཆ་ངེས་ཅན་ཞིག་ལྡན་པས། ཚང་མ་མཉམ་དུ་སྤྱད་ན་ཕོ་བ་དང་རྒྱུ་མར་གནོན་ཤུགས་བཟོ་སྲིད།

རྩོམ་སྒྲིག་པ།  ལྷ་མོ་ཚེ་རིང་།