མི་མང་པོ་ཞིག་གིས་ལུས་ཕུང་བརྟག་དཔྱད་བྱེད་སྐབས་མཆིན་པ་ཚིལ་འགྱུར་གྱི་ནད་ཡོད་པ་ཤེས་ཀྱིན་ཡོད། མི་ལ་ལས་ནད་རྟགས་གང་ཡང་མེད་པའི་མཆིན་པ་ཚིལ་འགྱུར་ལ་དོ་སྣང་བྱེད་ཀྱིན་མེད། དོན་དངོས་སུ་ང་ཚོས་སྣང་མེད་དུ་གཏན་ནས་བསྐྱུར་མི་རུང་། མཆིན་པ་ཚིལ་འགྱུར་མཆིན་པ་སྲ་འགྱུར་དུ་འགྱུར་བའི་ཉེན་ཁ་ཧ་ཅང་ཆེ། གཤམ་ནས་མཆིན་པ་ཚིལ་འགྱུར་གྱི་ནད་རྟགས་དང་འབྱུང་རྐྱེན་སྐོར་ངོ་སྤྲོད་ཅིག་བྱེད།
མཆིན་པ་ཚིལ་འགྱུར་ནི་ཚིལ་འགྱུར་རང་བཞིན་གྱི་མཆིན་ནད་ཀྱི་བསྡུས་མིང་ཡིན། ནད་ཐོག་སྨན་བཅོས་སུ CTསོགས་ཀྱི་གཟུགས་བརྙན་རིག་པའི་བརྟག་དཔྱད་ལ་བརྟེན་ནས་ཤེས་རྟོགས་བྱེད་ཐུབ། མཆིན་པ་ཚིལ་འགྱུར་ནི་རིགས་རྐྱང་བའི་ནད་རིགས་ཤིག་མིན་པར་རྒྱུ་རྐྱེན་མང་པོ་ཞིག་གི་འོག་ཏུ་མཆིན་ཚིལ་གསོག་འཇོག་ཚད་ལས་བརྒལ་ཏེ་གྲུབ་པའི་ནད་རིགས་ཤིག་རེད།
མཆིན་པ་ཚིལ་འགྱུར་ལ་ཆང་བཅུད་རང་བཞིན་གྱི་མཆིན་པ་ཚིལ་འགྱུར་དང་ཆང་བཅུད་རང་བཞིན་མ་ཡིན་པའི་མཆིན་པ་ཚིལ་འགྱུར་རིགས་གཉིས་སུ་དབྱེ་ཡོད། ང་ཚོས་རྒྱུན་དུ་གླེང་བཞིན་པའི་མཆིན་པ་ཚིལ་འགྱུར་ནི་ཆང་བཅུད་རང་བཞིན་མ་ཡིན་པའི་མཆིན་པ་ཚིལ་འགྱུར་ལ་གོ་ཞིང་དེ་ནི་མཆིན་པ་སྲ་འགྱུར་སློང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།
མཆིན་པ་ཚིལ་འགྱུར་གྱི་འབྱུང་རྐྱེན་སྐོར།
གཅིག འགུལ་སྐྱོད་བྱེད་ཚད་དམའ་བ་དང་མངར་ཆ་འདུས་པའི་བཏུང་བྱའམ་ཡང་ན་ཚད་ལོངས་ཚིལ་སྣ་བསྡུ་ལེན་བྱེད་ཚད་མང་བ། ཟ་མ་ཟ་ཚད་མང་དྲག་པ་དང་མྱུར་དྲག་པ། ལུས་པོ་ཚོ་དྲག་ན་ཆང་བཅུད་རང་བཞིན་མ་ཡིན་པའི་མཆིན་ནད་འབྱུང་བའི་ཉེན་ཁ་ཡོད།
གཉིས། གཅིན་སྙི་ཟ་ཁུའི་ནད་དང་ཁྱིམ་རྒྱུད་ཀྱི་མཆིན་པ་ཚིལ་འགྱུར་གྱི་ནད་སོགས་ཡོད་པ། གཅིན་སྐྱུར་མཐོ་བའི་ཁྲག་ནད་དང་ཨོལ་གོང་གཤེར་རྨེན་གྱི་བྱེད་ནུས་ཉམས་པའི་ནད། འཚོ་རྒྱུDདཀོན་པ་དང་རུས་སོབ་ནད་སོགས་ལའང་ཆང་བཅུད་རང་བཞིན་མ་ཡིན་པའི་མཆིན་ནད་འབྱུང་བའི་ཉེན་ཁ་ཡོད།
དེ་མིན། ལོ་ཚོད་ཇེ་ཆེར་སོང་བ་དང་བསྟུན་ནས་མཆིན་པ་ཚིལ་འགྱུར་གྱི་ནད་འབྱུང་ཚད་ཡང་ཇེ་མཐོར་འགྲོ་བཞིན་ཡོད་ལ། ལོ65ནས75བར་ལ་འབྱུང་བ་མང་། ད་རུང་ལོ55ཡན་གྱི་སྐྱེས་པར་མཆིན་པ་ཚིལ་འགྱུར་འབྱུང་ཚད་བུད་མེད་ལས་མཐོ་བ་རེད། ལོ55ཡི་རྗེས་སུ་བུད་མེད་ལ་མཆིན་པ་ཚིལ་འགྱུར་གྱི་ནད་འབྱུང་ཚད་མྱུར་དུ་ཇེ་མཐོར་འགྲོ་བ་རེད།
མཆིན་པ་ཚིལ་འགྱུར་ལ་ནད་རྟགས་སྐོར།
ཆང་བཅུད་རང་བཞིན་མ་ཡིན་པའི་མཆིན་པ་ཚིལ་འགྱུར་གྱི་ནད་མང་ཆེ་བར་ལུས་ཕུང་བརྟག་དཔྱད་བྱེད་སྐབས་མཆིན་པའི་བྱེད་ནུས་རྒྱུན་ལྡན་མིན་པ་དང་མཆིན་པ་སྐྲངས་པ། ནད་པ་ཉུང་ཤས་ལ་ཤེད་ཤུགས་ཉམས་པ་དང་། གསུས་ཁོག་མི་བདེ་བ། མཆིན་པར་ན་ཟུག་ལངས་པ་སོགས་ཀྱི་ནད་རྟགས་ཡོད། མཆིན་ཚིལ་རང་བཞིན་གྱི་ནད་པ་ཚབས་ཆེན་དག་ལ་ད་དུང་ཟས་ལ་ཡི་ག་མེད་པ་དང་སྐྱུག་མེར་ལངས་པ། སྐྱུག་པ་སོགས་ཀྱི་ནད་རྟགས་ཡོད།
མཆིན་པ་ཚིལ་འགྱུར་ལ་སྨན་བཅོས་བྱེད་དགོས་སམ།
མཆིན་པ་ཚིལ་འགྱུར་སྣང་མེད་དུ་གཏན་ནས་འཇོག་མི་རུང་བར་ཚད་ལྡན་སྨན་ཁང་དུ་སོང་ནས་སྨན་པའི་ངག་བཞིན་དུ་ནད་བརྟག་སྨན་བཅོས་བྱེད་དགོས། དུས་རྒྱུན་གྱི་འཚོ་བའི་ཁྲོད་དུའང་ཡུན་རིང་དུ་བཙོག་ནས་འགུལ་སྐྱོད་མི་བྱེད་པའི་འཚོ་བ་བྱེད་སྟངས་བསྒྱུར་བ་དང་། ཚིལ་མང་བ་སོགས་ཀྱི་བཟའ་བཅའི་བསྡུ་ལེན་བྱེད་ཚད་ཇེ་ཉུང་དུ་གཏོང་བ་སོགས་འཚོ་བའི་གོམས་གཤིས་བཟང་པོ་ཆགས་སུ་འཇུག་དགོས། བྱེད་ཐབས་དེ་དག་གིས་ཆང་བཅུད་རང་བཞིན་མ་ཡིན་པའི་ཚིལ་གཤིས་མཆིན་ནད་ལེགས་བཅོས་བྱེད་ཐུབ་པར་མ་ཟད། ད་དུང་སྙིང་རྩ་འགག་པའི་ནད་དང་ཀླད་པར་གཟའ་གྲིབ་ཕོག་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།