དྲེག་ནད་ཀྱི་གནོད་པ་ཆེན་པོ་གསུམ།
2025.04.07 ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། ཀློག་གྲངས། 0

གཅིག རྐང་ལག་ཞ་བ། གལ་ཏེ་གཅིན་སྐྱུར་ཡོད་ཚད་རུས་ཚིགས་དང་ཁྲག་རྩ། སྐྱི་ལྤགས་བཅས་སུ་བསགས་ཚེ། དྲེག་ནད་རང་བཞིན་གྱི་རུས་ཚིགས་གཉན་ཚད་སྐྱེད་པ་ཡིན། དྲེག་ནད་རང་བཞིན་གྱི་རུས་ཚིགས་ནད་བྱུང་ཚེ། ནད་པར་ན་ཟུག་མངོན་གསལ་འབྱུང་བར་མ་ཟད། པུས་ཚིགས་དང་ལོང་ཚིགས་སོགས་ལའང་ཤུགས་རྐྱེན་ཐེབས་སྲིད། གལ་ཏེ་དུས་ལྟར་ནུས་ལྡན་གྱི་གསོ་བཅོས་མ་བྱས་ཚེ། རུས་ཚིགས་ལ་གནོད་སྐྱོན་ཕོག་ནས་དབྱིབས་འགྱུར་སྲིད་པ་དང་། མཐའ་མར་དབང་བོ་སྐྱོན་ཅན་དུ་འགྱུར་བའི་ཉེན་ཁ་ཡོད།

གཉིས། ནད་གཞན་སྐྱེད་པ། དྲེག་ནད་བྱུང་ན་གནོད་པ་ཧ་ཅང་མང་སྟེ། དྲེག་ནད་ཚབས་ཆེན་ལ་ནུས་ལྡན་གྱི་གསོ་བཅོས་མ་བྱས་ཚེ། གཅིན་སྐྱུར་མཐོ་བ་དང་། ཁྲག་ཤེད་མཐོ་བ། ཁྲག་མངར་མཐོ་བ་སོགས་ཀྱི་གནད་དོན་འབྱུང་སྲིད་ལ། གནས་ཚུལ་ཚབས་ཆེ་ན་སྙིང་དང་ཁྲག་རྩའི་ནད་ཀྱང་བསྐྱེད་སྲིད།

གསུམ། མཁལ་མར་གནོད་པ། གཅིན་སྐྱུར་དིམ་བསགས་དངོས་པོ་ནི་རུས་ཚིགས་ཁོ་ན་ཙམ་མ་ཡིན་པར། སྐབས་རེར་མཁལ་མའི་ནང་དུའང་གསོག་སྲིད་པ་ཡིན། གལ་ཏེ་མཁལ་མའི་ནང་དུ་བསགས་ནས། དུས་ལྟར་ཕྱིར་འབུད་མ་ཐུབ་ཚེ། ནད་རིགས་སྣ་ཚོགས་སློང་སྲིད་ལ། ཐ་ན་མཁལ་མའི་ནུས་པ་ཉམས་ནས་གཅིན་དུག་ནད་དུ་འགྱུར་བའི་ཉེན་ཁའང་ཡོད། དེ་བས། གལ་ཏེ་དྲེག་ནད་བྱུང་ཚེ། མྱུར་དུ་གསོ་བཅོས་བྱས་ནས་ནད་བབ་ལ་ཚོད་འཛིན་བྱས་ཏེ། སྔར་བས་ཚབས་ཆེན་གྱི་ནད་འབྱུང་བར་སྔོན་འགོག་བྱེད་དགོས།

རྩོམ་སྒྲིག་པ།  ལྷ་མོ་ཚེ་རིང་།