བུད་མེད་ཀྱི་རྒ་བའི་དུས་ཀྱི་བདེ་སྲུང་།
2025.04.07 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

བུད་མེད་རྣམས་ཀྱི་རང་ལུས་ཀྱི་འཕྲོད་བསྟེན་བདེ་སྲུང་ཐད་ཆོས་ཉིད་ལྡན་པའི་འཚོ་བ་དང་བདེ་སྐྱིད་ཀྱི་འཚོ་བའི་ཁོར་ཡུག   འོས་འཚམ་གྱི་ཕྱི་རོལ་བྱ་འགུལ་དང་རྩོལ་བཅག་དགོས་པར་མ་ཟད།  མི་སྒེར་གྱི་འཕྲོད་བསྟེན་ལའང་ངེས་པར་དུ་ཡིད་འཇོག་བྱེད་དགོས།

གཤམ་ནས་བུད་མེད་ཀྱི་རྒ་བའི་དུས་ཀྱི་བདེ་སྲུང་སྐོར་ངོ་སྤྲོད་ཅིག་བྱེད།

གཅིག ཁ་ནང་གི་འཕྲོད་བསྟེན།

རྒན་པ་རྣམས་ཀྱི་འཇུ་སྟོབས་ཞན་ལ་སོ་ལྷོད་ཅིང་འགུལ་བ་སོགས་ཀྱི་གནས་ཚུལ་མང་པོ་ཡོད་པས། སོ་འཁོར་ཚ་ནད་འབྱུང་སླ་བར་མ་ཟད།   ཟས་ཟ་བར་འགལ་རྐྱེན་བཟོ་བས་ནང་དགོང་གཉིས་ཀར་སོ་བཀྲུ་བ་དང་ཟས་ཟོས་རྗེས་ཁ་བཤལ་དགོས།

གཉིས།  པགས་པའི་གཙང་སྦྲ་དང་མཉེན་ཚད་རྒྱུན་འཁྱོངས་བྱེད་དགོས།

པགས་གཉེར་ཇེ་མང་དུ་སོང་བ་དང་ཕྱི་ཤུན་ལྷུང་སླ་བས་རྔུལ་ཆུ་དང་འདྲེས་ནས་ལྷུང་སྟེ་ཟ་འཕྲུག་འབྱུང་།   དེ་བས་རྒྱུན་པར་མགོ་བཀྲུ་བ་དང་ལུས་འཁྲུད་པ། ནང་ལྭ་བརྗེ་བ་གལ་ཆེ།  པགས་ཤུན་གྱི་ཚིལ་ལྷུང་ཞིང་པགས་པ་རྩུབ་རལ་དུ་འགྱུར་ཉེན་ཆེ་བས་ཁྲུས་བྱེད་དུས་འདག་རྫས་བསྟེན་མི་རུང་བ་དང་རྩུབ་ཕུར་བྱེད་མི་རུང་།

གསུམ།   ཕྱིའི་མཚན་མའི་གཙང་སྦྲར་མཉམ་འཇོག་བྱེད་དགོས།

རྒྱུན་པར་ཕྱིའི་མཚན་མ་གཙང་མར་བཀྲུ་དགོས་པ་དང་ཟ་འཕྲུག་བྱུང་ན་སྨན་ཁང་ལ་སོང་ནས་རྒྱུ་རྐྱེན་བཙལ་དགོས།   གལ་ཏེ་མོ་ནད་ཀྱི་རྐྱེན་ཀྱིས་གསང་ལམ་ཟགས་རྫས་ཇེ་མང་དུ་སོང་ན་སྨན་ཁང་ལ་སོང་ནས་སྨན་པར་སྟོན་དགོས་པར་མ་ཟད།   གསང་ལྭ་གཙང་མར་བྱས་ཏེ་ཉིན་རེ་བཞིན་བརྗེ་སྤོར་བྱེད་དགོས།   གསང་ལྭ་ཅུང་ཆེ་བའི་རིགས་གྱོན་ན་བཟང་།

བཞི།  ཉིན་རྒྱུན་གྱི་འཚོ་བ་བཀོད་སྒྲིག་བཟང་བོ་བྱེད་དགོས།

ལུགས་མཐུན་གྱི་ངལ་གསོ་དང་གཉིད་བསྟེན་དགོས།  ཉིན་རེར་ཆུ་ཚོད་བརྒྱད་ཡས་མས་ལ་གཉིད་དགོས།  གལ་ཏེ་གཉིད་དྲགས་ན་སྙིང་དང་ཁྲག་རྩའི་ནད་རིགས་འབྱུང་ཉེན་ཆེ།

ལྔ།   དུས་བཅད་ལྟར་བདེ་ཐང་བརྟག་བཤེར་བྱེད་དགོས།

ཟླ་མཚན་ཆད་རྗེས་གསང་ལམ་ཚ་ནད་དང་མངལ་སྐེའི་འབྲས་སྐྲན།   མངལ་གཞིའི་འབྲས་སྐྲན་སོགས་འབྱུང་ཉེན་ཆེ་བས་ལོ་ཕྱེད་དམ་ལོ་རེ་རེའི་ནང་དུ་བདེ་ཐང་བརྟག་དཔྱད་བྱས་ཏེ་ནད་ཡོད་ན་སྔ་མོ་ནས་ངོས་འཛིན་དང་གསོ་བཅོས་བྱེད་དགོས།

གོང་གི་ཤེས་བྱ་འདི《མ་བུ་བདེ་སྲུང་གི་ཤེས་བྱ》ལས་བདམས་པ་ཡིན།