གཞོན་ནུ་ལོ་ཆུང་གིས་གློག་རྡུལ་ཐ་མག་འཐེན་ན་གནོད་འཚེ་གང་དག་ཡོད་དམ།
2025.04.21 ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། ཀློག་གྲངས། 0

གཅིག གློ་བའི་བྱེད་ནུས་ལ་ཤུགས་རྐྱེན་ངན་པ་ཐེབས་པ། གློག་རྡུལ་ཐ་མག་མང་ཆེ་བའི་གྲུབ་ཆ་གཙོ་བོ་ནི་ཉི་ཀུའུ་ཏིང་ཡིན་པ་དང་། ཉི་ཀུའུ་ཏིང་ནི་དུག་ཤེད་ཆེ་བའི་རྫས་འགྱུར་དངོས་པོར་གཏོགས། གཞོན་ནུ་ལོ་ཆུང་རྣམས་ཀྱི་དབུགས་ལམ་མ་ལག་ད་དུང་འཚར་སྐྱེ་བྱུང་མེད་པས། དུག་སྨུག་ཅན་གྱི་སྐྱེ་དངོས་དེའི་རིགས་ཀྱིས་གློ་བར་ཤུགས་རྐྱེན་ངན་པ་ཐེབས་སྲིད་ལ། བཀོལ་སྤྱོད་ཡག་པོ་མ་བྱས་ཚེ་ཐ་མག་ལས་དུག་ཕོག་པ་སོགས་བདེ་འཇགས་ཀྱི་ཉེན་ཁ་སྣ་ཚོགས་ཀྱང་བཟོ་སྲིད།

གཉིས།  ཀླད་པའི་འཚར་སྐྱེ་ལ་ཤུགས་རྐྱེན་ཐེབས་པ།  ཐ་མག་དང་གློག་རྡུལ་ཐ་མག་གང་ཞིག་འཐེན་ཡང་། ཉི་ཀུའུ་ཏིང་གློ་བའི་ནང་འགྲོ་བ་དང་། དེ་ནས་ཁྲག་རྒྱུན་འཁོར་རྒྱུག་བརྒྱུད་ནས་ཀླད་པའི་ནང་ལ་སོང་སྟེ། ཀླད་པའི་ནང་དུ་དོ་ཕ་ཨེན་འབོར་ཆེན་བསྐྱེད་པ་ཡིན།

གསུམ།  གློག་རྡུལ་ཐ་མག་ལ་ལོབས་ན་གཅོད་དཀའ་བར་མ་ཟད།  དེ་དང་མཉམ་དུ་ཐ་མག་འཐེན་པའི་གོམས་གཤིས་ཀྱང་ཆགས་སྲིད།

བཞི།  བདེ་ཐང་ལ་ཉེན་ཁ་མང་པོ་ཡོད།  ཐ་མག་གི་ཁ་གསབ་ཏུ་གྱུར་པའི་གློག་རྡུལ་ཐ་མག་ལ་བདེ་འཇགས་དང་བདེ་ཐང་གི་ཉེན་ཁ་མང་པོ་ཡོད་དེ། རྒྱུ་ཆ་འདེམས་པ་དང་སྦྱོར་རྟ་བེད་སྤྱོད། བཟོ་རྩལ་ཇུས་འགོད། སྤུས་ཚད་ཚོད་འཛིན་སོགས་ཀྱི་ཐད་དོ་དམ་བྱས་པ་མི་འདང་བ་དང་། ཐོན་རྫས་ཁག་ཅིག་ལ་སྣུམ་འཛག་པ་དང་གློག་རྫས་ཞན་པ། བདེ་འཇགས་མིན་པའི་གྲུབ་ཆ་བསྣན་ཡོད་པ་སོགས་སྤུས་ཚད་བདེ་འཇགས་ཀྱི་གནད་དོན་ཡང་ཡོད།

རྩོམ་སྒྲིག་པ།   ལྷ་མོ་ཚེ་རིང་།