ཞོ་ནི་འོ་མ་ལས་འཇུ་སླ་བས། གལ་ཏེ་ཞོ་འཐུང་བའི་དུས་ཚོད་མ་ནོར་ན་བདེ་ཐང་གི་ཕན་ནུས་མི་འདྲ་བ་ཐོན་ཐུབ།
གཅིག ཟ་མའི་སྔོན་ལ་ཞོ་འཐུང་ན་ཚོ་བྱང་དུ་འཇུག་ཐུབ། ཟ་མ་མ་ཟོས་པའི་སྔོན་གྱི་ཆུ་ཚོད་ཕྱེད་ཀ་ཙམ་དུ་ཞོ་འཐུང་ན་ལྟོགས་པའི་ཚོར་སྣང་ཇེ་ཆུང་དུ་གཏོང་བས། ཟ་མ་ཟ་ཚད་ལ་ཚོད་འཛིན་དང་ཚ་ནུས་བསྡུ་ལེན་བྱེད་ཚད་ཇེ་ཉུང་དུ་གཏོང་བ་སོགས་ལ་ཕན།
གཉིས། ལྟོ་སྟོང་ལ་འཐུང་ན་ཕན་སྐྱེ་ཕྲ་སྲིན་ཁ་གསབ་བྱེད་ཐུབ། ལྟོ་སྟོང་དུ་སྡོད་སྐབས་ཕོ་སྐྱུར་ཟགས་ཐོན་བྱེད་ཚད་ཉུང་བས་ཕོ་བའི་ནང་གི་སྐྱུར་ཚད་མི་མཐོ། སྐབས་དེར་ཞོ་འཐུང་ན་ཞོའི་ནང་གི་ཕན་སྐྱེ་ཕྲ་སྲིན་རྒྱུ་མའི་ནང་སླེབས་ཚད་ཇེ་མཐོར་འགྲོ་སྲིད།
གསུམ། འགུལ་སྐྱོད་རྗེས་ནས་འཐུང་ན་ཤ་གནད་འཕེལ་ཐུབ། སྐབས་དེར་ཞོའི་ནང་གི་མངར་ཆས་གཤེར་མའི་ཕུང་རྩི་ཟགས་ཐོན་བྱེད་པར་བསྐུལ་ཏེ། སྤྲི་དཀར་རྫས་ཤ་གནད་དུ་འགྱུར་བར་སྐུལ་འདེད་གཏོང་ཐུབ།
བཞི། མ་ཉལ་བའི་སྔོན་ལ་འཐུང་ན་ཀལ་ཁ་གསབ་བྱེད་ཐུབ། ཞོའི་ནང་དུ་ཀལ་འདུས་ཚད་མཐོ་ལ། མ་ཉལ་བའི་སྔོན་ལ་ཞོ་འཐུང་ན་རུས་པའི་ནང་གི་ཀལ་ཟད་གྲོན་བྱེད་ཚད་ཇེ་ཉུང་དུ་གཏོང་ཐུབ། དུས་མཚུངས་སུ་ཞོའི་ནང་གི་ཀལ་གྱིས་དབང་རྩའི་མ་ལག་སྙོམ་སྒྲིག་བྱེད་པས། གཉིད་ཡག་པོ་ལོག་པར་ཕན་པ་ཡོད།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།