ཀོང་ཏུང་ཞིང་ཆེན་རུས་ནད་སྨན་ཁང་དང་མཚོ་སྔོན་ཞིང་ཆེན་ཁཱང་ཧྥུའུ་སྨན་ཁང་གཉིས་ཀྱིས་མཉམ་ལས་གྲོས་མཐུན་བཀོད།
2025.04.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་ཁབ་ཀྱི་སྨན་བཅོས་བཅོས་སྒྱུར་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་སྤུས་ལེགས་སྨན་རྫས་ཐོན་ཁུངས་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་ཆེད།  ཉེ་ལམ།   ཀོང་ཏུང་ཞིང་ཆེན་རུས་ནད་སྨན་ཁང་དང་མཚོ་སྔོན་ཞིང་ཆེན་ཁཱང་ཧྥུའུ་སྨན་ཁང་གཉིས་ཀྱིས་སྨན་བཅོས་མཉམ་འབྲེལ་ཚོགས་པའི་མཉམ་ལས་ཟབ་མོ་སྤེལ་བ་དང་། གྲོས་མཐུན་འགོད་པ་དང་ཡོལ་རས་ཕྱེ་བའི་མཛད་སྒོ་མཚོ་སྔོན་ཞིང་ཆེན་ཁཱང་ཧྥུའུ་སྨན་ཁང་དུ་སྤེལ།  ཕྱོགས་གཉིས་ཀྱིས་རིག་ཚན་འཛུགས་སྐྲུན་དང་ལག་རྩལ་རོགས་སྐྱོར།   འཇོན་མི་གསོ་སྐྱོང་།   ཐོན་ཁུངས་མཉམ་སྤྱོད་སོགས་ཁྱབ་ཁོངས་མང་པོ་ནས་མཉམ་ལས་གྲོས་མཐུན་བཀོད་པར་མ་ཟད།  བཞུགས་མོལ་བརྗེ་རེས་བྱས།

ད་ཐེངས་ཀྱི་མཉམ་ལས་འདིས་ཀོང་ཏུང་ཞིང་ཆེན་རུས་ནད་སྨན་ཁང་གིས་ཐེངས་དང་པོར་མཚོ་སྔོན་ས་ཁུལ་གྱི་སྨན་ཁང་དང་མཉམ་ལས་བྱས་པ་དང་།  ཤར་ནུབ་རྒྱུད་སྨན་བཅོས་རོགས་སྐྱོར་ལས་གཞི་ལས་བསྟར་བྱས་པ་མཚོན།   ཕྱོགས་གཉིས་ཀྱིས་མཉམ་འཛུགས་དང་མཉམ་སྤྱོད།  མཉམ་རྒྱལ་དམིགས་ཡུལ་དུ་བཟུང་ནས་ཁུལ་ཁོངས་བརྒལ་ནས་སྨན་བཅོས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་པ་དང་།   ནད་ཐོག་ནད་དཔེ་གཞི་གྲངས་མཛོད་མཉམ་འཛུགས་བྱས་པ་བརྒྱུད་དེ་མཐོ་སྒང་གི་དམིགས་བསལ་ས་ཁམས་ཁོར་ཡུག་འོག་གི་རུས་ནད་ཀྱི་རིགས་ལ་མཉམ་དུ་སྨན་བཅོས་བྱས་ནས་ལག་རྩལ་གསར་པ་དང་གསོ་བཅོས་བྱེད་ཐབས་གསར་པ་བེད་སྤྱོད་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་རེད།    དེ་མིན།  ཀོང་ཏུང་ཞིང་ཆེན་རུས་ནད་སྨན་ཁང་གིས་དུས་བཅད་ལྟར་ཆེད་མཁས་ཚན་ཁག་མཚོ་སྔོན་དུ་མངག་གཏོང་བྱས་ཏེ་ས་གནས་འཇོན་མིའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་གཞན་ལ་བརྟེན་པ་ནས་རང་ལ་བརྟེན་པའི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུ་རེད།

རྗེས་ཕྱོགས་ཕྱོགས་གཉིས་ཀྱིས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་མཐོ་སྒང་གི་ལས་བྱེད་མང་ཚོགས་ཀྱིས་རང་ས་གནས་ནས་རྒྱལ་ནང་གི་རུས་ནད་གསོ་བཅོས་ཞབས་ཞུ་བཟང་བོ་ལོངས་སུ་སྤྱོད་ཐུབ་པར་བྱས་ཏེ་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་སྟོབས་ཤུགས་སྔར་ལས་ཆེན་པོ་འབུལ་རྒྱུ་རེད།

ལྷ་མོ་ཚེ་རིང་གིས་བསྒྱུར།