བྱིས་པའི་རྒྱང་སྒྲིབ་མིག་ནད་འགོག་པར་ཕན་པའི་ཟས་རིགས་འགའ།
2025.04.25 ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། ཀློག་གྲངས། 0

གཅིག ཀལ་རྒྱུ་འདུས་པའི་ཟས་རིགས།  ཀལ་རྒྱུ་དཀོན་པ་ནི་རྒྱང་སྒྲིབ་མིག་ནད་སློང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་ལ། གལ་ཏེ་མིག་རིལ་ལ་ཀལ་དཀོན་ཚེ། མིག་གི་འཚར་སྐྱེར་ཤུགས་རྐྱེན་ཐེབས་ནས་རྒྱང་སྒྲིབ་མིག་ཏུ་འགྱུར་སླ། དེ་ཡང་། འོ་མ་དང་སྲན་མའི་རིགས། སྲོག་ཆགས་ཀྱི་རུས་པ་སོགས་ཀྱི་ནང་དུ་ཀལ་རྒྱུ་འདུས་ཚད་མང་།

གཉིས། ཁིར་རྒྱུ་འདུས་པའི་ཟས་རིགས།  དེའི་མིག་རིལ་འཚར་སྐྱེ་བྱེད་པའི་ཁྲོད་ཀྱི་ནུས་པ་ནི་སིམ་ཤུགས་དོ་མཉམ་འོང་དུ་འཇུག་རྒྱུ་དེ་ཡིན་ལ། གལ་ཏེ་ཁིར་རྒྱུ་དཀོན་ཚེ་བྱིས་པའི་མིག་རིལ་འབུར་ཞིང་རྒྱང་སྒྲིབ་མིག་ཏུ་འགྱུར་སླ། དེ་ཡང་། ཤ་ཡི་རིགས་དང་ཞོ་སོགས་ཀྱི་ནང་དུ་ཁིར་རྒྱུ་མང་པོ་འདུས།

གསུམ། ཟས་རིགས་སྲ་མོའི་རིགས།
བྱིས་པར་དུས་རྒྱུན་དུ་བཟའ་ཆས་སྲ་མོའི་རིགས་མང་པོ་ཟ་རུ་བཅུག་ན། ཟས་རིགས་ལྡད་པའི་ཤུགས་ཚད་དང་ལྡད་གྲངས་མང་དུ་སོང་ནས། མིག་ཤུགས་ཀྱི་འཚར་སྐྱེར་སྐུལ་འདེད་གཏོང་ནུས། དེ་ཡང་ཤུན་པ་སྲ་བའི་ཤིང་ཏོག་དང་སྲན་མའི་རིགས་སོགས་བཟའ་ཆས་སྲ་མོའི་ཁོངས་སུ་གཏོགས།

རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།