དབུགས་འཚང་ནད་ཀྱི་སྔོན་འགོག་ཤེས་བྱ།
2025.05.09 ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། ཀློག་གྲངས། 0

དབུགས་འཚང་བ་ནི་རྒྱུན་མཐོང་གི་དབུགས་ལམ་དལ་གཤིས་དམིགས་བསལ་མིན་པའི་གཉན་ཚད་ཅིག་ཡིན་ཞིང་། ནད་རྟགས་གཙོ་བོ་ནི་ཡང་དང་བསྐྱར་དུ་དབུགས་འཚང་བ་དང་དབུགས་ཧལ་བ། བྲང་ཁ་ན་བ། གློ་ལུ་བ་སོགས་ཡིན། དབུགས་འཚང་ནད་པ་ཡོངས་ལ་མྱུར་གཤིས་དབུགས་འཚང་གི་གནས་ཚུལ་འབྱུང་སྲིད་ལ། ཚབས་ཆེ་དུས་སྲོག་ལའང་ཉེན་ཁ་ཡོད། གཤམ་གྱི་སྔོན་འགོག་བྱེད་ཐབས་འདི་དག་གིས་མྱུར་གཤིས་དབུགས་འཚང་གི་གནས་ཚུལ་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།

གཅིག ཚོར་སྐྱེན་གྱི་འབྱུང་ཁུངས་དང་རྒྱང་བཀྱེད་པ་དང་ཁང་པའི་ནང་རླུང་རྒྱུ་རུ་འཇུག་པ།  དུས་བཅད་ལྟར་མལ་ཆས་ལ་གཙང་སྦྲ་བྱེད་པ། གཡན་འབུ་འགོག་པ། ཁང་པའི་ནང་གི་རླན་ཚད་འོས་འཚམ་སྒོས་རྒྱུན་འཁྱོངས་བྱེད་པ། སྣུམ་དུད་དང་སྦྲང་འགོག་བདུག་སྤོས་སོགས་དང་རྒྱང་བཀྱེད་དགོས།

གཉིས། སྨུག་རྡུལ་འཐིབ་པའི་ཉིན་མོར་ཕྱི་ལ་འགྲོ་བ་ཇེ་ཉུང་དུ་གཏོང་བ་དང་། གལ་ཏེ་ངེས་པར་དུ་འགྲོ་དགོས་ན་ཁ་ཐུམ་བརྒྱག་དགོས། མེ་ཏོག་གི་ཟེའུ་རྡུལ་མོད་པའི་དུས་ཚིགས་སུ་རླངས་འཁོར་སྐོར་སྐབས་སྒེའུ་ཁུང་དམ་པོར་རྒྱག་པ་དང་། ཁྱིམ་ལ་ཐོན་རྗེས་སྣ་ཁུང་གཙང་བཤལ་བྱེད་དགོས།

གསུམ།  ཆུར་རྐྱལ་བ་དང་མགྱོགས་མོར་འགྲོ་བ་སོགས་འགུལ་སྐྱོད་འོས་འཚམ་བྱས་ཏེ། གློ་དང་སྙིང་གི་བྱེད་ནུས་ཇེ་ལེགས་སུ་གཏོང་དགོས།  མཉམ་འཇོག་བྱེད་དགོས་པ་ཞིག་ལ།  འགུལ་སྐྱོད་དྲག་པོ་བྱེད་མི་རུང་བ་དང་།  གྲང་ངར་དང་སྐམ་ཤས་ཆེ་བའི་ཁོར་ཡུག་ཏུ་འགུལ་སྐྱོད་བྱས་ན་འགུལ་སྐྱོད་རང་བཞིན་གྱི་དབུགས་འཚང་ནད་འཕར་སླ་བས། འགུལ་སྐྱོད་མ་བྱས་སྔོན་ལ་སྨན་པའི་ངག་བཀོད་བཞིན་མྱུར་སྐྱོབ་སྨན་རྔུབ་ཆོག

བཞི།   རིམས་འགོག་ནུས་པ་ཇེ་མཐོར་བཏང་སྟེ། དབུགས་ལམ་རེད་པ་སྔོན་འགོག་བྱེད་དགོས།    རེད་པ་ནི་མྱུར་གཤིས་དབུགས་འཚང་ནད་འཕར་བའི་རྒྱུ་རྐྱེན་གཙོ་བོ་ཡིན་ཞིང་། ཆམ་རིམས་འགོག་སྨན་དང་གློ་ཚད་ཟླུམ་སྲིན་འགོག་སྨན་སོགས་བརྒྱབ་ན། དབུགས་ལམ་གཉན་ཚད་སྣ་ཚོགས་སྔོན་འགོག་བྱེད་ཐུབ།  དེ་མིན་འཚོ་རྒྱུDཁ་གསབ་བྱེད་པ་དང་། ཀ་རའི་འདུས་ཚད་མཐོ་བའི་ལས་སྣོན་ཟས་རིགས་ཉུང་ཟ་བྱས་ན། རིམས་འགོག་ནུས་པ་ཇེ་ལེགས་སུ་གཏོང་ཐུབ།

ལྔ། གནོན་ཤུགས་ཇེ་ཆུང་དུ་བཏང་ནས་ཧུར་བརྩོན་ཡར་བསྐྱེད་ཀྱི་སེམས་ཁམས་རྒྱུན་འཁྱོངས་བྱེད་དགོས།  སེམས་འཚབ་པ་དང་གནོན་ཤུགས་ཆེ་བ་སོགས་ཀྱིས་དབུགས་འཚང་ནད་སློང་སྲིད་པས། ནད་པས་དབུགས་འབྱིན་རྔུབ་སྦྱོང་བརྡར་བྱེད་པ་སོགས་ལ་བརྟེན་ཏེ་གནོན་ཤུགས་ཇེ་ཆུང་དུ་བཏང་ཆོག་པ་དང་། ཧུར་བརྩོན་ཡར་བསྐྱེད་ཀྱི་སེམས་ཁམས་རྒྱུན་འཁྱོངས་བྱས་ནའང་དབུགས་འཚང་ནད་སྔོན་འགོག་བྱེད་པར་ཕན།

རྩོམ་སྒྲིག་པ།  ལྷ་མོ་ཚེ་རིང་།