གཅིག བཟའ་བཏུང་གི་གོམས་གཤིས་ངན་པ།
རྒྱུན་པར་ཀ་ར་དང་སྣུམ་ཚིལ། ཚྭ་བཅས་ཀྱི་འདུས་ཚད་མཐོ་བའི་བཟའ་བཅའ་ཟོས་ན་ཁྲག་མངར་ལ་ཤུགས་རྐྱེན་ཐེབས་སླ་བ་དང་། གལ་ཏེ་ཁྲག་མངར་མར་ཕབ་རྒྱུ་མང་དྲགས་པའམ་མར་ཕབ་པའི་དུས་ཡུན་རིང་དྲགས་ན། ལུས་པོ་ཐང་ཆད་པའི་ཚོར་བ་འབྱུང་སྲིད། དུས་མཚུངས་སུ་བཟའ་བཏུང་ལ་ཚད་ལས་བརྒལ་བའི་ཚོད་འཛིན་བྱེད་པའང་མི་འོས་ཏེ། དེ་ལྟར་བྱས་ན་ལུས་ནང་དུ་འཚོ་རྒྱུ་དཀོན་པར་གྱུར་ཏེ། ལུས་ཟུངས་ཞན་ཞིང་ཤུགས་མེད་པར་འགྱུར་ངེས། གཞན་ཟ་མ་ཟ་བ་མགྱོགས་དྲགས་ན་ཕོ་རྒྱུའི་ཁུར་བོ་ཇེ་ལྕིར་གྱུར་ཏེ་ཚོ་འབུད་སླ་བར་མ་ཟད། ཐང་ཆད་པའི་ཚོར་བའང་བསྐྱེད་ངེས།
གཉིས། འཚོ་རྒྱུDཆད་པ།
ལུས་པོར་འཚོ་རྒྱུDཆད་པ་ཡིན་ན་ལུས་པོས་ཤ་གནད་ལ་ཚོད་འཛིན་བྱེད་ཤུགས་ཇེ་དམའ་རུ་ཕྱིན་ཏེ་ཐང་ཆད་པའི་ཚོར་བ་བསྐྱེད་པ་དང་གཉིད་ཀྱི་སྤུས་ཀ་མི་བཟང་བ། རུས་རྒྱུ་སོབ་པར་འགྱུར་བ། ཡི་ག་ཇེ་ཞན་དུ་འགྲོ་བ་སོགས་ཀྱི་གནད་དོན་འབྱུང་སྲིད།
གསུམ། སྦྱོང་བརྡར་མི་བྱེད་པ།
མི་མང་པོ་ཞིག་གིས་ངལ་གསོ་མང་ཙམ་བྱས་ན་ད་གཟོད་ཐང་མི་ཆད་པར་འདོད་མོད། དོན་ལ་འགུལ་སྐྱོད་ཉུང་དྲགས་ན་ཤ་གནད་ཀྱི་ཟུངས་ཟད་དེ། ལུས་པོའི་རྙིང་ཚབ་གསར་བརྗེའི་འགྲོས་ཚད་ཇེ་དལ་དུ་གྱུར་ནས་ཐང་ཆད་པའི་ཚོར་བ་འབྱུང་སྲིད།
བཞི། ཆང་བཅུད།
ཆང་བཅུད་ཉུང་ངུ་ཙམ་གྱིས་ཀྱང་དབང་རྩའི་མ་ལག་ལ་གནོན་པའི་ནུས་པ་བསྐྱེད་སླ་བས། ཆང་འཐུང་རྗེས་ཀྱི་ཆུ་ཚོད་འགའི་རྗེས་ནས། ཆང་བཅུད་ཀྱིས་ལུས་ནང་གི་གནོན་ཤུགས་སྐུལ་རྒྱུ་དང་མཁལ་མའི་སྟེང་གི་རྨེན་རྒྱུའི་ཆུ་ཚད་ཇེ་མཐོར་བཏང་སྟེ། སྙིང་ལྡིང་ཚད་ཇེ་མགྱོགས་སུ་གཏོང་བ་དང་གཉིད་གུང་ནས་སད་སླ་བར་བྱེད་ངེས། དེ་ལྟར་བྱས་ན་གཉིད་ཀྱི་སྤུས་ཀར་གནོད་པས་ཕྱི་ཉིན་ཧ་ཅང་ཐང་ཆད་པའི་ཚོར་བ་འབྱུང་སྲིད། གཞན་ཆང་འཐུང་རྗེས་མཆིན་པས་ཆང་བཅུད་དབྱེ་ཕྲལ་བྱས་ཏེ་ཁྲག་མངར་དོ་མཉམ་ཡོང་བར་བྱ་དགོས་པ་དང་། ཁྲག་མངར་ནི་ཀླད་པའི་ནུས་ཁུངས་གཙོ་བོ་ཡིན་པས། གལ་ཏེ་ཁྲག་མངར་དམའ་དྲགས་པའི་སྣང་ཚུལ་བྱུང་ནའང་ལུས་པོ་ཐང་ཆད་པ་དང་ཤུགས་མེད་པའི་ཚོར་བ་འབྱུང་བ་ཡིན།
ལྔ། སེམས་ཁམས་ཀྱི་འགོག་རྐྱེན།
དུས་ཡུན་རིང་བོར་གནོན་ཤུགས་ཆེ་བ་དང་སེམས་འཚབ་པ། ཡིད་མུག་པ་སོགས་ཀྱིས་གཉིད་དང་ཟས་ཀྱི་ཡི་ག ནུས་ཚད་ཀྱི་ཆུ་ཚད་སོགས་ལ་ཤུགས་རྐྱེན་ཐེབས་པ་དང་། འདི་དག་གིས་ཀྱང་ལུས་པོར་ཐང་ཆད་པའི་ཚོར་བ་བསྐྱེད་སྲིད།
དྲུག གཉིད་ལོག་པའི་གོམས་གཤིས་ངན་པ།
གཟའ་མཇུག་ཡིན་ནའང་གཏན་འཇགས་ཀྱི་གཉིད་ལོག་པའི་དུས་ཚོད་དང་མལ་ལས་ལངས་པའི་དུས་ཚོད་རྒྱུན་འཁྱོངས་བྱ་དགོས་ལ། མལ་ཁང་གི་ལྷིང་འཇགས་དང་མུན་ནག་ཚད། དྲོད་ཚད་སོགས་འོས་འཚམ་བཟོས་ན་སེམས་ལྷོད་ལ་འབབ་པར་ཕན།
བདུན། སྨན་གྱི་ཞོར་སྐྱོན།
ང་ཚོས་རྒྱུན་པར་མཐོང་བའི་སྨན་རྫས་མང་པོ་ཞིག་ལ་ཐང་ཆད་པའི་ཞོར་སྐྱོན་ཡོད་དེ། དཔེར་ན་ཡིད་མུག་འགོག་པའི་སྨན་སོགས་ལ་ཐང་ཆད་པའི་ཞོར་སྐྱོན་ཡོད།
བརྒྱད། བདེ་ཐང་གི་གནད་དོན།
ཁྲག་ཞན་པ་དང་གཅིན་སྙི་ཟ་ཁུ། ཨོལ་གོང་གཤེར་རྨེན་སོགས་ཀྱིས་ཐང་ཆད་པའི་ཚོར་བ་བསྐྱེད་ལ། གཉིད་ཀྱི་འགོག་རྐྱེན་ཏེ། དཔེར་ན་གཉིད་གུང་ནས་གནས་སྐབས་རང་བཞིན་གྱི་དབུགས་འགག་པ་དང་གཉིད་མི་ཡོང་བ་སོགས་ཀྱིས་ཀྱང་ལུས་པོར་ཐང་ཆད་པའི་ཚོར་བ་བསྐྱེད་སྲིད།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།