གཉན་ཚད་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་མང་པོ་ཡོད་པ་དང་བཟའ་བཏུང་ནི་དེའི་ཁྲོད་ཀྱི་རྒྱུ་རྐྱེན་གལ་ཆེན་ཞིག་རེད། ཐེན་ཅིན་གྲོང་ཁྱེར་ལྟེ་གནས་སྨན་ཁང་དང་པོའི་འཚོ་བཅུད་ཚན་ཁག་གི་ཀྲུའུ་རེན་ཐན་ཀུའེ་ཅུན་གྱིས་བསྟན་དོན། གཉན་ཚད་བསྐྱེད་པའི་ཟས་རིགས་ལ་གཙོ་བོ་གཤམ་གྱི་འདི་བཞི་ཡོད་པ་སྟེ།
གཅིག ཞིབ་བཟོའི་ཐཱན་ཆུ་འདྲེས་འགྱུར་རྫས་འདུས་པའི་ཟས་རིགས་ཏེ། དཔེར་ན། འབྲས་དཀར་པོས་བཟོས་པའི་འབྲས་ཐུག་དང་བཏུང་བྱ་མངར་མོ། བག་ལེབ་མངར་མོ། སྤྲི་གོར་སོགས་ལྟ་བུ།
གཉིས། ལྡོག་ཚུལ་ཚིལ་སྐྱུར་ཅུང་མང་པོ་འདུས་པའི་ཟས་རིགས་ཏེ། དཔེར་ན། འོ་ཇ་མངར་མོ་དང་ཞོག་ཁོག་བསྲེགས་མ། བག་ལེབ། འཁྱགས་ཞོ། ཀ་ར་གོ་རེ་སོགས་ཀྱིས་ལུས་པོའི་ནང་གི་གཉན་ཚད་འབྱུང་བ་དང་འཕེལ་བར་སྐུལ་སྤེལ་བྱེད་པ་ཡིན།
གསུམ། ལས་སྣོན་བྱས་པའི་ཤ་ཡི་ཐོན་རྫས་ཏེ། དཔེར་ན། ཤ་རྒྱུ་དང་ཕག་ཤ་བསྙལ་མ་སོགས་ལྟ་བུ།
བཞི། མགྱོགས་ཟས་དང་སྣུམ་བཙོས་བཟའ་བཅའི་ཟས་རིགས། དེ་མིན་དྲོད་ཚད་མཐོ་བའི་སྲེག་ཟས་སོགས་ཀྱིས་ཀྱང་གཉན་ཚད་སློང་བའི་དངོས་པོ་བསྐྱེད་སྲིད།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།