གཅིག འཇུ་སྟོབས་ཞན་པའི་མི།
བ་དམ་གྱི་ནང་དུ་ཞག་ཚིལ་འདུས་ཚད་མང་བས། རྒྱུ་ཚད་སོགས་ཡོད་པའི་ཕོ་རྒྱུའི་ནུས་པ་ཞན་མཁན་གྱིས་ཟོས་ན་ནད་བབ་ཇེ་ལྕིར་གཏོང་སྲིད།
གཉིས། མཁྲིས་པ་བླངས་ཟིན་པའི་མི། བ་དམ་ནང་གི་ཞག་ཚིལ་དེ་མཁྲིས་ཁུ་ལ་བརྟེན་ནས་འཇུ་དགོས་པས། ནད་པར་གཤགས་བཅོས་བྱས་ནས་མཁྲིས་པ་བླངས་ཡོད་ཚེ། དེའི་མཁྲིས་ཁུ་གསོག་ཉར་བྱེད་པའི་ནུས་པ་ཤོར་ཡོད་པས། ནད་པ་དེ་རིགས་ཀྱིས་བ་དམ་ཟོས་ན་མ་ཞི་བའི་ནད་སློང་སླ་བ་ཡིན།
གསུམ། ཁྲག་ཚིལ་མཐོ་བའི་མི།
བ་དམ་གྱི་ནང་དུ་ཞག་ཚིལ་གྱི་འདུས་ཚད་མཐོ་བས། ཁྲག་ཚིལ་མཐོ་བའི་མིས་བ་དམ་ཟོས་ན་ཁྲག་ནང་གི་ཚིལ་རྒྱུ་ཇེ་མཐོར་སོང་སྟེ། འཕར་རྩ་སྲ་འགྱུར་གྱི་ནད་དང་ཁྲག་ཤེད་མཐོ་བའི་ནད། སྙིང་ནད་སོགས་སློང་སླ་བ་ཡིན།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།