གཅིག ཚོ་འབུད་པ།
རྒྱུན་ལྡན་གྱི་གནས་ཚུལ་འོག་ཕོ་བ་ལྟོགས་ན་ཀླད་ཆེན་གྱིས“ལྟོགས”པའི་བརྡ་གཏོང་བ་དང་། ཟ་མ་ངེས་ཅན་ཞིག་ཟོས་རྗེས་ཀླད་ཆེན་གྱིས་ཟ་མ་ཟ་མཚམས་འཇོག་པའི་བརྡ་གཏོང་ངེས། གལ་ཏེ་ཟ་མ་ཟ་བ་མགྱོགས་དྲགས་ན་རྒྱུན་པར་ཀླད་ཆེན་གྱིས་ཟ་མཚམས་འཇོག་དགོས་པའི་བརྡ་མ་བཏང་སྔོན་ལ་ཟ་མ་མང་པོ་ཟ་བས་ཚོ་འབུད་ངེས་ཡིན།
གཉིས། གཅིན་པ་མངར་འགྱུར་གྱི་ནད།
གཅིན་པ་མངར་འགྱུར་གྱི་ནད། དུས་ཡུན་ཐུང་ངུའི་ནང་དུ་ཟ་མ་མང་པོ་ཟོས་ན་ཁྲག་མངར་མགྱོགས་མྱུར་ངང་ཇེ་མཐོར་འགྲོ་བ་དང་། ཁྲག་མངར་གྱིས་གཤེར་རྨེན་ཕྲ་ཕུང་གི་རྨེན་གཤེར་ཕྱིར་གཏོང་བར་སྐུལ་འདེད་གཏོང་བས། དུས་ཡུན་རིང་བོ་འགོར་ན་ལུས་ཕུང་གི་ཁྲག་མངར་སྙོམ་སྒྲིག་བྱེད་པའི་ནུས་པ་ཇེ་དམའ་རུ་གཏོང་བར་མ་ཟད། ད་དུང་གཅིན་པ་མངར་འགྱུར་གྱི་ནད་ཀྱང་སློང་སྲིད།
གསུམ། ཕོ་བའི་གཉན་ཚད།
ཁ་ནང་ནི་ཟས་འཇུ་བའི་ཆེས་ཐོག་མའི་གནས་ཡིན། ཟ་མ་ཟ་བ་མགྱོགས་དྲགས་ན་ཟ་མ་ཞིབ་མོར་མ་བལྡད་པར་མིད་སླ་བས། ཕོ་བའི་ཁུར་བོ་ཇེ་ལྕི་རུ་འགྲོ་ལ། ཡུན་རིང་བོ་སོང་ན་ཕོ་བའི་འབྱར་སྐྱི་ལ་གནོད་པ་ཐེབས་སླ་བས། ཕོ་བའི་གཉན་ཚད་དང་ཕོ་བ་སྨུག་རུལ་སོགས་ཀྱི་ནད་རིགས་འབྱུང་སྲིད།
བཞི། མིད་པའི་འབྲས་སྐྲན།
མི་མང་པོ་ཞིག་ཟས་རིགས་ཚོས་མ་ཐག་ཚ་བོར་ཟ་རྒྱུར་དགའ་ཞིང་། གལ་ཏེ་ཟ་མ་ཟ་བ་མགྱོགས་དྲགས་ན་མིད་པ་འཚིག་པའི་ཉེན་ཁ་ཆེ་ལ། དུས་ཡུན་རིང་པོར་བཟའ་བཏུང་གི་གོམས་གཤིས་ངན་པ་ཆགས་ན་མིད་པའི་འབྲས་སྐྲན་འབྱུང་སླ།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།