བྱིས་པའི་གཟུགས་ཀྱི་རིང་ཚད་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་འགའ།
2025.07.05 ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། ཀློག་གྲངས། 0

གཅིག རྒྱུད་རྒྱུ་ཡིས་གཟུགས་ཀྱི་རིང་ཚད་ཇི་ཙམ་ལ་སླེབས་ཐུབ་མིན་ཐག་གཅོད་པ་ཡིན། མིའི་གཟུགས་པོའི་རིང་ཚད་ཀྱི60%ནས70%རྒྱུད་རྒྱུ་ཡིས་ཐག་གཅོད་པ་དང་། 30%ནས40%ལ་རྗེས་ཐོབ་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་བཞིན་ཡོད་དེ། དཔེར་ན་འཚོ་བཅུད་དང་འགུལ་སྐྱོད། གཉིད། སེམས་ཁམས། ཁོར་ཡུག ནད་སོགས་ལྟ་བུའོ། །

གཉིས། སྤྲི་དཀར་རྫས་དང་ཀལ། འཚོ་རྒྱུD  ཏི་ཚ་སོགས་ནི་རུས་པ་འཚར་སྐྱེ་འབྱུང་བ་ལ་ངེས་པར་མཁོ་བའི་འཚོ་བཅུད་ཡིན། དུས་ཡུན་རིང་བོར་འཚོ་བཅུད་མི་བཟང་བ་དང་འཚོ་རྒྱུ་ཆད་པ་སོགས་བྱས་ན། གཟུགས་སྐྱེ་བར་བཀག་འགོག་ཐེབས་པར་མ་ཟད། ཚོ་ཆེ་ནའང་མཚན་མ་སྨིན་སྔ་བ་སོགས་བྱས་ཏེ་གཟུགས་ཀྱི་རིང་ཚད་ལ་ཤུགས་རྐྱེན་ཐེབས་ངེས།

གསུམ། གཉིད་དང་འགུལ་སྐྱོད་ནི་གཟུགས་ཀྱི་སྐྱེ་འཚར་ཐད་ཧ་ཅང་གལ་ཆེ།  སློབ་ལོ་རན་པའི་བྱིས་པ་དག་ཉིན་རེར་ཆུ་ཚོད9ནས10ལ་གཉིད་དགོས་པ་དང་། ན་གཞོན་རྣམས་ཆུ་ཚོད8ནས9ལ་གཉིད་དགོས། དགོང་མོའི་ཆུ་ཚོད23ནས་ཐོ་རངས་ཀྱི་ཆུ་ཚོད2བར་ནི་གཉིད་སྟུག་པོ་ལོག་པའི་དུས་ཚོད་ཡིན་ལ། སྐྱེ་འཚར་སྐུལ་རྒྱུ་ཟགས་ཐོན་བྱེད་ཚད་ཆེས་མཐོ་བའི་དུས་སྐབས་ཀྱང་ཡིན། གཉིད་ཆག་པ་ཡིས་ཐད་ཀར་སྐུལ་རྒྱུའི་ཟགས་ཐོན་ཆོས་ཉིད་ལ་ཤུགས་རྐྱེན་ཐེབས་ཏེ། གཟུགས་སྐྱེ་ཚད་ཇེ་དལ་དུ་གཏོང་ངེས།  ཡུན་རིང་ལ་ཙོག་ནས་འདུག་པ་སོགས་ཀྱིས་ཕྲ་ཕུང་སྐྱེ་འཚར་ལ་བཀག་འགོག་བྱ་ངེས།

བཞི། ལུས་ནང་གི་ཟགས་ཐོན་སྙོམ་སྒྲིག་གིས་སྐྱེ་འཚར་ལ་སྐུལ་འདེད་གཏོང་ཐུབ།  སྐྱེ་འཚར་སྐུལ་རྒྱུ་ནི་མཚན་མོར་གཉིད་སྟུག་པོ་ལོག་སྐབས་ཟགས་ཐོན་བྱེད་ཚད་མཐོ་ཤོས་ལ་སླེབས་ཐུབ། ཨོལ་གོང་གཤེར་རྨེན་སྐུལ་རྒྱུ་ཆད་ཚེ་ལུས་པོའི་རྙིང་ཚབ་གསར་འབྱེད་བྱེད་ནུས་ཇེ་ཞན་དུ་གྱུར་ནས། རུས་པ་འཚར་སྐྱེ་འབྱུང་ལ་ཤུགས་རྐྱེན་ཐེབས་ངེས།

ལྔ། ན་ཚ་དང་གནོན་ཤུགས་ནི་སྐྱེ་འཚར་གྱི་འགོག་རྐྱེན་ཡིན། དལ་བའི་ནད་རིགས་ཏེ། དཔེར་ན་ལྷན་སྐྱེས་ཀྱི་སྙིང་ནད་དང་མཁལ་མའི་ནད། འཇུ་བྱེད་མ་ལག་གི་ནད་སོགས་ཀྱིས་རུས་པ་རྒྱུན་ལྡན་མིན་པར་འགྱུར་བ་དང་རུས་ཕྲུམ་ཆ་མི་ཚང་བ་སོགས་ཀྱི་ནད་བསྐྱེད་དེ། གཟུགས་སྐྱེ་བར་འགལ་རྐྱེན་བཟོ་བ་ཡིན། གཞན་དུས་ཡུན་རིང་བོར་སེམས་ཁམས་མི་ལེགས་པས་ཀྱང་སྐྱེ་འཚར་སྐུལ་རྒྱུ་ཟགས་ཐོན་ལ་བཀག་འགོག་ཐེབས་ཏེ། སེམས་ཁམས་ལ་རྐྱེན་བྱས་ཏེ་གཟུགས་སྐྱེ་བར་ཤུགས་རྐྱེན་ངན་པ་ཐེབས་སྲིད།

རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།